| | e-texts navigator
|
176b1 དུ་བྱད་དུ་འགྱུར་བ་འཐོབ་པ་སྟེ་ལྔ་པོ་དེ་དག་གོ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་འཇིག་རྟེན་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར
176b2 འགྱུར་རོ། ། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས་རྣམ་པར་མ་འཚེ་བ་ལ་འཇུག་པ་དང་། དེའི་གནོད་སེམས་རབ་ཏུ་ཞི་བ་ལ་འཇུག་པ་དང་། དེའི
176b3 སེམས་བརྩོད་པ་མེད་ཅིང་འཐབ་པ་མེད་པ་ལ་འཇུག་པ་དང་། དེའི་སེམས་པ་རྣམ་པ་མེད་ཅི། མཉེན་པ་དང་། ངེས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར་འཕགས་པའི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི
176b4 བདེ་བ་ལ་མངོན་པར་དགའ་བའི་ཕྱིར་ཕན་པའི་དངོས་པོ་མེད་པ་དང་། སྐྱེ་བོ་མང་པོས་བཀུར་བསྟི་བྱ་བའི་ཕྱིར་མཛེས་པ་དང་། སེམས་འཇམ་ཞིང་ལས་སུ་རུང་བའི་ཕྱིར་དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་དཀའ་བ་མེད་པ་སྟེ། བརྒྱད་པོ
176b5 དེ་དག་གོ། ། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་སེམས་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མི་ཤེས་པར་འགྱུར་རོ།། ཀླུའི་བདག་པོ་ལོག་པར་ལྟ་བ
176b6 སྤངས་པའི་སྐྱེས་བུ་གང་ཟག་ནི་ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དགེ་པར་འགྱུར་ཞིང་གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ
176b7 རདང་། ལྷར་སངས་རྒྱས་འཛིན་ཏེ་གཞན་ལྟར་མི་འཛིན་པ་དང་། དགེ་མཚན་དང་བཀྲ་ཤིས་སུ་འཛིན་པ་མེད་པས་ལྟ་བ་དྲང་བ་དང་། གྲོགས་ལྷ་དང་མི་ཡིན་ཏེ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་གྲོགས་མ་ཡིན་པ་དང་སོད
176b8 ནམས་འབར་བས་ཁྱད་པར་དུ་འགྲོ་བ་དང་། ལོག་པ་ཐམས་ཅད་མེད་པས་འཕགས་པའི་ལམ་དུ་ཞུགས་པ་དང་། འཇིག་ཚོགས་ལ་ལྟ་བ་ལས་བསྐྱོད་དེ་སྡིག་པའི་ལྟ་བ་ཐམས་ཅད་དང་བྲལ་བ་དང་། སྒྲིབ་པ་མེད་པར་མཐོང་བ་ཡིན་ཏེ།
iiif viewer powered by OpenSeadragon
176a - 177a