e-texts navigator
Collection
Volume
Page
Wylie

175b1 པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱའོ། ། ཀླུའི་བདག་པོ་འདོད་པས་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་ག་དཔག་ནི་མཁས་པས་བསྔགས་པས་ཆོས་བཞི་འཐོབ་སྟེ། བཞི་གང་ཞེ་ན། དབང་པོ་བསྡམས་པ་དང་། རྒོལ་བ་ལས་ཡང
175b2 དག་པར་འདས་པ་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མི་འཕྲོགས་པ་སྟེ་བཞི་པོ་དེ་དག་གོ།། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
175b3 ཆུབ་ཏུ་ཡོངས་སུ་བསྔོ་ན་མེདེ་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པ་འཐོབ་བོ། ། ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི་ལྷ་དང་མིས་བསྔགས་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཨུད་པ
175b4 ལའི་དྲི་འབྱུང་བས་ཁ་དོག་ཡོངས་སུ་དག་པ་འཐོབ་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མི་ལས་དབང་གཅིག་པུར་འགྱུར་བ་དང་། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ་དང་། ལྷག
175b5 བའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ་དང་། ཚིག་བཟུང་བར་འོས་པས་དག་མཉན་པར་འགྱུར་བ་དང་། ཤེས་རབ་ཀྲོང
175b6 བས་ལྷ་དང་མིར་སྐྱེས་ན་ཡང་དབང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ།། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བདེན་པའི་རྗེས་སུ
175b7 འཇུག་པའི་ཚིག་ཏུ་འགྱུར་རོ། ། ཀླུའི་བདག་པོ་ཕྲ་མ་སྤངས་པའི་སྐྱེས་བུ་གང་ཟག་ནི་མི་ཕྱེད་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། གཞན་གྱིས་གནོད་པར་བྱ་བ་དང་བྲལ་བས་ལུས་མི་ཕྱེད་པ་འཐོབ་པ་དང་། གཞན་དག་གི་ལ་ཆགས་པ་མེད་པས
175b8 གཡོག་འཁོར་མི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་དད་པ་མི་ཕྱེད་པ་འཐོབ་པ་དང་། སྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མི་ཕྱེད་པ་འཐོབ་པ་དང་། མི་སླ་བས་མཛའ་བཤེས་མི་ཕྱེད་པ་འཐོབ་པ་སྟེ། ལྔ་པོ་དེ་དག་གོ།།




iiif viewer powered by OpenSeadragon

175a - 176a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo