| | e-texts navigator
|
173a1 གདེངས་ཀྱི་མཆོག། གསུང་གིས་སྟོང་གསུམ་སོ་སོར་འགེངས་པར་མཛད།། འཇམ་མཉེན་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། དབང་པོ་རུལ་ཞིང་ཐུགས་ཀྱང་རུལ་བ་སྟེ།། ཞལ་རས་ཟླ་བ་འདྲ་ཞིང་སྤྱན་ལེགས་པ།། རྟག་ཏུ
173a2 བདེན་པ་གསུང་ཞིང་མཉམ་པར་བཞག། རྟག་ཏུ་ཆོས་འཛིན་ཁྱོད་ལ་ཕྱག་འཚལ་ལོ།། རྒནད་སྡུག་བསྔལ་རབ་ཏུ་གྲོལ་མཛད་པ།། འགྲོ་བའི་དོན་མཛད་ཉོན་མོངས་སྤོང་མཛད་པ།། རྒྱལ་བར་འོས་པ་བདུད་འཇོམས་རྒྱལ་བ་པོ།། སྐྱེ་བ་མི་ཟད
173a3 དེ་ཉིད་སྟོན་མཛད་པ། ། དགྲ་བཅོམ་དགྲའི་ཚོགས་རྣམས་རབ་འཇོམས་པ།། ལྷ་ལས་འདས་པ་ལྷ་མེད་རྣམས་ཀྱིས་མཆོད།། ཁྱོད་ནི་རྟག་ཏུ་བཞེས་པའི་འོས་ཀྱི་མཆོག། སྐྱེ་དགུ་ཀུན་མཆོག་འདྲེན་པ་བཟང་པོ་ལགས།། དེ་ནས་ལྷའི་བུ་མོ་དང་།
173a4 ཀླུའི་བུ་མོ་དང་། ལྷ་མ་ཡིན་དང་། མི་བམ་ཅི་དང་། ནམ་མཁའ་ལྡིང་དང་། ལྟོ་བཕྱེ་ཆེན་པོ་དང་། དྲི་ཟའི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་རྣམས་ཀྱིས་མངོན་པར་བསྟོད་ནས་ཐམས་ཅད་གཅིག་ཏུ་འཐུན་པར་གྱུར་པས
173a5 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་སར་ད་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། ། དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། རྒྱ་མཚོ་ཆེན་པོའི་གཏིང་གི
173a6 དཀྱིལ་གྱི་གནས་ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁྱམས་བཀོད་པ་ག་ལ་བ་དེར་གཤེགས་ནས་སེང་གེའི་ཁྲི་དེ་ལ་བཞུགས་སོ། ། དགེ་སློང་གི་དགེ་འདུན་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྟན་ཇི་ལྟར་བཤམས་པ་དེ་དག
173a7 ལ་འཁོད་དོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་རིག་ནས་བུ་དང་བཅས། ཆུང་མ་དང་བཅས། གཉེན་མདབ་དང་། འཁོར་དང་བཅས་པས
173a8 རང་གི་ལག་གིས་ཞལ་ཟས་རོ་བརྒྱ་དང་ལྡན་པ། བསོད་པ་མང་པོས་ཚིམ་པར་བྱེད་ཅིང་ཅི་བཞེས་པ་སྟོབས་པར་བྱེད་དོ།། ཚིམ་པར་བྱས་ཤིང་ཇི་བཞེད་པ་བསྟབས་ནས། བཤོས་གསོལ་ལགས་ཏེ། སྟ་སྡེར་གྲུ་བ་དང་ཕྱག་བཅས་པར
iiif viewer powered by OpenSeadragon
172b - 173b