| | e-texts navigator
|
170a1 མཚོས་གདུགས་ཚོད་པབ་ཀྱིས་ལྷུང་བཟེད་དང་། ཆོས་གོས་ལོང་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རྒྱ་མཚོ་ཆེན་པོར་འདོད་དོ།། དེ་ནས་བཅོམ་ལྡན་འདས
170a2 བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་སུ་སྐོར། ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་དུ་བ་དང་། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྟོད་དེ། དད་པའི་རྒྱལ་པོ་བཞིན་དུ་སྟེང་གི་བར་སྣང་ལ་འཕགས་ཏེ།
170a3 གཤེགས་ནས་འོད་ཟེར་ནི་འགྱེད། སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛོད། པད་མའི་ཆར་ནི་འབེབས། སིལ་སྙན་འབུམ་ནི་སྒྲོགས། གླུ་དབྱངས་འབུམ་ནི་གྲག་པར་མཛད། རྒྱ་མཚོའི་འགྲམ་དུ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས
170a4 རྒྱ་མཚོའི་འགྲམ་ན་དགའ་བའི་ཚལ་ལྟར་ཉམས་དགའ་བའི་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་བ་དེར་གཤེགས་སོ། ། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
170a5 ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ།། མཆོད་པ་བྱས་ནས་གདུགས་ཚོད་བབ་པོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བདག་གི་གནས་སུ་གཤེགས་པ་ནི་བདག་གི་རིག
170a6 པ་མ་ཡིན། ཆ་མ་ཡིན་གྱིས། བདག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཐེམས་སྐས་ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་གྱི་གནས་ནས་འཛམ་བུ་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེམས་སྐས་དག་བྱིན
170a7 གྱིས་བརླབས་ལ། ཐེམས་སྐས་དེ་དག་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱ་མཚོ་ཆེན་པོའི་འགྲམ་ནས། རང་གི་གནས་ཀྱི་བར་དུ་ཐེམས་སྐས་ཀྱི་རིམ་པ་གསུམ
170a8 བཤམས་ཏེ། གཅིག་ནི་གསེར་ལས་བྱས། གཅིག་ནི་བཻ་དཱུརྱ་ལས་བྱས། གཅིག་ནི་མུ་ཏིག་དམར་པོ་ལས་བྱས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ་ལྟ་ན་སྡུག་པ་དག་བཤམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རྒྱ་མཚོ
iiif viewer powered by OpenSeadragon
169b - 170b