| | e-texts navigator
|
168b1 ཐད་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་ནང་དཔྱིར་སོང་ངོ་། ། དེ་ནས་དེར་སྐྱེ་བོའི་ཚིགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ།། བདག་གིས་དེ་བཞིན་གཤེགས་པ་སང་གདུགས་མེད་གསོལ་བར་སྤྱན་དྲངས་ཏེ་དེས་ཀྱང་བདག་ལ་ཐུགས
168b2 བརྩེ་བའི་ཕྱིར་གནང་གིས་དེར་ཁྱེད་ཀུན་གྱིས་ཀྱང་ལྷན་ཅིག་ཏུ་མཐུན་པ་དང་། ཡང་དག་པར་དགའ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བསྐུར་ལ་བརྩོན་པར་གྱིས་ཤིག། དེ་ནས་ཀླུ་རྒྱལ་པོ་རྒྱ་མཚོས་ལྷ་མ་ཡིན་གྱི་དབང་པོ
168b3 སྒྲགཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། ཚིས་བྱེད་དང་། ཐགས་ཟངས་རིས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོ་འདིར་གཤེགས་ཀྱིས། དེར་ཁྱོད་འཁོར་དང་བཅས་པ་ཐམས།
168b4 ཅད་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་བདག་གི་སྐབས་ཕྱེ་བ་ལགས་ཀྱིས། བདག་གི་གནས་སུ་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུའི་རྒྱལ་པོ་འཇོག་པོ་དང་། ཁ་དོག་མཐའ་ཡས་དང་། དྲི་མ་མེད་པ་དང་།། འོད་ཅན
168b5 དང་། རྣམ་པར་བརྩེ་དང་། བཀོད་པ་དང་། ལག་ན་རྡོ་རྗེ་དང་། བརྗོད་བྱ་དང་། ཁ་དོག་ཐམས་ཅད་སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལ་སོགས་པ་ཀླུའི་རྒྱལ་པོ་འབུམ་ཕྲག་དུ་མ་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ
168b6 བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བསྐུར་བྱ་བའི་ཕྱིར་བདག་གི་གནས་སུ་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་གཞོན་ནུ་དཔལ་གྱི་གཟི་བརྗིད་ལ་བསྒོ་བ། བཞིན་བཟངས་ཁྱོད་སོང་ལ། ཀླུའི་རྒྱལ་པོ
168b7 མདྲོས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ལོ། ། ངའི་འཕྲིན་འདི་སྐད་ཅེས་ཀྱིས་ཤིག། བདག་གི་པའི་མཆིད་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གྱིས་རྒྱ་མཚོ་ཆེན་པོར་སྤྱོན་ཅིག་ཅེས་གྱིས
168b8 ཤིག་ལེགས་ཞེས་བྱས་ཏེ་མཉན་ནས། ཇི་སྐད་བསྒོ་བ་བཞིན་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་ཀྱིས་བྱས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཆོས། ཀླུའི་རྒྱལ་པོ་ཤུགས་དྲག་ལ་སྨྲས་པ། ཤུགས་དྲག་ཁྱོད་སོང་ལ་རི་རབ
iiif viewer powered by OpenSeadragon
168a - 169a