| | e-texts navigator
|
164a1 གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེ་ན་འདི་དག་དེ་ནས་ཤི་འཕྲོས་ནས་ཀླུའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ།། དི་དག་གི་ཐེག་པ་ཆེན་པོའི་གཏམ་དེ་ཐོས་ལ། བཅོམ་ལྡན་འདས་དེ་ལ་ཡང་ལེགས་ས་ཞེས
164a2 བྱ་བ་གསོལ་བའི་རྒྱུ་དེ་དང་རྐྱེན་དེ་དང་དགེ་བའི་རྩ་བ་དེས་ནི་ད་ལྟར་དེ་ལས་ཐེག་པ་ཆེན་པོའི་གཏམ་ཐོས་ཏེ། མི་ཟད་པའི་ཟ་མ་ཏོག་གི་གཟུངས་བསྟན་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།།
164a3 ཤཱ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས།། དེས་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ།། བསྐལ་པ་བགྲང་བ་ལས་འདས་པ་དག་ན་དེ་བཞིན་གཤེགས་པ་ཡང་བགྲང་བ་ལས་འདས།
164a4 བདག་ལ་མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡང་དག་པར་སྨྲས་ཏེ། བསྐལ་བ་མངོན་དགའ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀྱི་དྲི་མ་མེད་པའི་སྙིང་པོར་བླ་ན་མེད་པ་ཡང་དག་པར་རྫོགས
164a5 པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསོད་ནམས་བླ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང་། ཤེས་རབ་བླ་མ་ཞེས་བྱ་བའི་མཚན་འདི་བཞིར་མཐུན་པར་ཤ་སྟག་གི།
164a6 དེ་བཞིན་གཤེགས་པར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་བསྐལ་པ་གཅིག་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དཔེར་ན་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱུང་བར་འགྱུར་བ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི
164a7 རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གི་ཚེ་བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་དང་། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་བྱུང།
164a8 བདེའི་ཚེ་ན་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཉུང་བར་གྱུར་ཏེ། བདག་ཀྱང་འཁོར་ཉུར་བར་གྱུར། བཅོམ་ལྡན་འདས་དེ་ནི་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དང་། ཀླུའི་བུ་དང་། ཀླུའི་བུ་མོ་དག་ཀྱང་འདི་ལྟར
iiif viewer powered by OpenSeadragon
163b - 164b