| | e-texts navigator
|
163b1 ཡིད་དང་དྲན་པ་ལ།། ཞུགས་པར་གྱུར་ན་ཆོས་ཤེས་ཞུགས་པ་སྟེ།། ཐོས་པ་གང་ཡིན་ནམས་ཀྱང་ཆུང་མི་ཟ།། ཇི་སྐད་ཐོས་པ་མཚུངས་པར་རིལ་གྱིས་འཛིན།། གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ།། དེ་ནི་ཆོས་ལའང་མ་ཡིན་ཏེ།། ཆོས་དང་ཤིན།
163b2 དུ་མི་མཚུངས་མི་མཉམ་མཉམ།། ཆོས་ཉིད་སྦྱོར་དང་ལྡན་ཕྱིར་གཟོད་ནས་ཞི།། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྦྱོར་བ་འདི་བསྟན་པ་དང་།། ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བསྟན་པ་ན།། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང།
163b3 ནས་ཀླུ་ཁྲི་ཉི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། མི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་ནས་ཇི་ལྟར་ད
163b4 ལྟར་ན། དེ་བཞིན་གཤེགས་པའི་ཆོས་སྟོན་པ་དེ་ཁོ་ན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ།། །། ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་བཞི་པའོ།། །། བམ་པོ་བཞི་པ།།
163b5 དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་སྐྱེ་གནས་སུ་སྐྱེས་པ་དག་ཀྱང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལ། འདི
163b6 ན་མིར་གྱུར་པ་ཁ་གཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྔོ་མི་ཐོག་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྲི་ཉིས་སྟོང་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་རབ་ཏུ
163b7 བྱུང་བར་གྱུར་ཏེ། འདི་དག་གིས་དེ་བཞིན་གཤེགས་པ་དེ་ལས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གཏམ་ཅིག་ཐོས་སོ།། ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏོ།། ཐེག་པ་ཆེན་པོ་ནི་བསམ
163b8 གྱིས་མི་ཁྱབ་སྟེ། ལེགས་སོ་ལེགས་སོ་ཞེས་ཚིག་དུ་སྨྲས་སོ།། མི་དགེ་བའི་འདུ་འཛི་འདི་ལྟ་སྟེ། མཛའ་ཤེས་ཀྱི་ཁྱིམ་དང་། སློངས་མོ་གཏེར་བའི་ཁྱིམ་ཡོངས་སུ་བཟུང་བའི་ཕྱིར་ཚུལ་ཁྲིམས་རྣམས་ཉམས་སུ་མ་བླངས་པར
iiif viewer powered by OpenSeadragon
163a - 164a