e-texts navigator
Collection
Volume
Page
Wylie

163a1 ཆོས་ནི་ཐོབ་གྱུར་ན། ། ང་རྒྱལ་སྤངས་ནས་རྐང་མཐིལ་འདུད་པར་བྱེད།། ཆོས་ཀྱི་དབྱིངས་ནི་རང་བཞིན་ཞི་བ་དང་།། དོན་རྟོགས་དང་ནི་ཆོས་ཉིད་ངེས་པར་ཤེས།། དེ་ཕྱིར་ཆོས་ནི་གཏན་ལ་འབེབས་པ་དང་།། ཡི་གེ་འབྱེད་ལ་དེ་ཡི་ཆེ།
163a2 མིརྦད།། སེམས་ཅན་རང་བཞིན་ནམ་དག་ཆོས་ཀྱི་དབྱིངས།། དེ་བཞིན་བདག་ཉིད་ནམ་དག་དེ་ཡིས་ཤེས།། དེ་ལྟར་སེམས་ཅན་དེ་བཞིན་ཉིད་ཤེས་པས།། དེ་ཡི་ཆོས་རྣམས་བསྟན་པ་ཐོགས་པ་མེད།། ཟད་པ་ནམ་ཡང་ཟད་པར་མི་ནུས་ལ།། མིརྦད
163a3 པ་ཡང་རྣམས་ཀྱང་ཟད་མི་འགྱུར། ། ཆོས་ཉིད་རབ་ཞི་འདི་ནི་རྟོགས་ནས་ཀྱང་།། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན།། ཡི་གེ་འདི་དག་ལུས་ལ་མི་གནས་ཤིང་།། ཡིད་ལ་མི་གནས་སེམས་ལས་མ་བྱུང་སྟེ།། ཇི་ལྟར་བྲག་ཆའི་སྒྲ་ནི་ཐོས་པ
163a4 བཞིན། ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དབེན།། གཟུངས་འདི་ཡི་གེ་རྣམས་དང་སྒྲ་ལ་མེད།། ཚིག་གི་ལམ་དང་ལུས་དང་ངག་ལའང་མེད།། དེ་ལྟར་ཡི་གེའི་ཚུལ་རྣམས་རྟོགས་པས་ན།། སྒྲས་ཀྱང་དེ་ཡི་ཚིག་ནི་ཐོགས་པ་མེད།། དེ
163a5 ནི་སྐྱོན་ཀྱང་ཡིད་ལ་རྣམ་རྟོག་མེད། ། སེམས་ལའང་རློམ་སེམས་བྱེད་པ་ཡང་མེད་དེ།། འོན་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད་རབ་ཏུ་འཐོང་བའི་ཆོས་ཀྱི་བསྟོན།། གང་ཚེ་དེ་ཡིས་གཟུངས་ནི་ཐོབ་གྱུར་ན།། སོ་སོ་ཡང་དག་གི།
163a6 བཞི་རྗེས་སུ་རྟོགས།། དོན་ལ་རབ་བསླབས་ཆོས་ཉིད་ཆོག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིག་ལ་མཁས།། དེ་བཞིན་སྤོབས་པ་ཐོགས་མེད་ཚད་ཀྱང་མེད།། དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ།། དེ་བཞིན་སྣ་ཚོགས་ཟབ་མོ་བསྟན་པ་ཤེས།།
163a7 ལུགས་འབྱུང་ལུགས་ལས་བཟློག་པ་འང་རབ་ཏུ་ཤེས།། མཐོན་དམན་བགྲོ་བ་རྣམས་ལའང་པ་མཐར་ཕྱིན།། སེམས་ཞུམ་པ་ན་རབ་ཏུ་འཛིན་ལ་མཁས།། དེ་བཞིན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དགལ་བྱ་བའི
163a8 ཚུལ་ཀུན་ཤེས། ། ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ལ།། ཤེས་པ་ཐོགས་མེད་རྣམ་པར་ངེས་པར་འཇུག། གཟུངས་དང་ལྡན་པའི་ཚིག་ལ་འཁྲུལ་པ་མེད།། ཉེས་པ་སྤངས་ཤིང་བསྟན་པར་གྱུར་པ་ཡིན།། སེམས་ཅན་འདུལ་གཟུངས།།




iiif viewer powered by OpenSeadragon

162b - 163b

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo