e-texts navigator
Collection
Volume
Page
Wylie

155b1 འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་དྲབས་ཀུན་དུ་ཁེབས་ཤིང་དར་གྱི་ལྔ་ལྡི་མང་པོན་བཏགས། གདུགས་དང་། རྒྱལ་མཚན་དང་། དན་བསྒྲེང་བས་ནི་ལེགས་པར་བརྒྱན་ཐ་ན་ཞེས། མཚན་པ་ནི་པར་སྣང་ལས་ཀྱང་སིལ་སྣ
155b2 བརྒྱ་སྟོང་དག་མ་བརྡུངས་མ་དཀྲོལ་བར་སྦ་རང་འབྱུང་སྟེ། སིལ་སྙན་དང་གླུ་དབྱངས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་མངོན་པར་གོ་བར་བྱས་ཏེ། སིལ་སྙན་དང་གླུ་དབྱངས་ཀྱི་སྒོ་དེ་དག་ལས་འདོད་པ
155b3 དང་ལྡན་པ་དང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་རབ་ཏུ་འབར་བའི་སྒྲ་ནི་མི་འབྱུང་གི་ཞི་བ་དང་རབ་ཏུ་ཞི་བ་དང་། ཆོས་ཀྱི་དགའ་བ་དང་། མགུ་བ་དང་ལྡན་པའི་སྒྲ་དེ་དག་འབའ་ཤིག་འབྱུང་བར་འགྱུར་ཏེ། དེ་ཐོས
155b4 པ་ཙམ་གྱིས་ལྷ་དང་མི་དེ་དག་ཐམས་ཅད་ཀྱི་དྲན་པ་དང་། ཉེ་བར་ཞི་བ་དང་དགའ་བ་དང་བདེ་བ་ཐོབ་ལ་ཉོན་མོངས་པ་ཐམས་ཅད་ཀྱང་དེ་དག་ལ་གནོད་པར་མ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་ལ། ཀཙ་ལིན་དའི་གོས
155b5 ལྟ་འཇམ་ཞིང་རེག་ན་བདེ་བར་གྱུར་ཏོ། ། འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་ངན་འགོར་གདགས་པ་མེད་དེ། ལྷ་དང་མེ་དེ་དག་ཀྱང་དག་པ་འབའ་ཤིག་ཏུ་གྱུར་ཏོ།། དེ་དག་ནི་ཕལ་ཆེ་རྒྱ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་ཤསྟག
155b6 གོ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་ཉུང་ངོ་།། དེ་དག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡིད་ལ་བསམས་པས་འབྱུང་ལ། ལྷ་དང་མི་དེ་དག་བདེ་ཞིང་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ།། དེ་ན་སུ་ཡང་སྡུག་པ་དང་དབུལ་པོ་མེད་དེ་དེཔེར་ན།
155b7 དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱད་པ་ཇི་ལྟ་བ་བཞིན་དུ་དེ་ན་འཁོད་པའི་མི་རྣམས་ཀྱང་དེ་དང་འདྲ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ཀྱང་ལོ་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཕྲག་བརྒྱད་དུ་སྐྱེས
155b8 པསྙེད་དུ་འགྱུར་ཏོ། ། མི་དེ་དག་གི་ཚེའི་ཚད་ཀྱང་དེ་ཉིད་དོ།། དེ་ན་ཚེའི་མཐར་ཕྱིན་པར་སུ་ཡང་འཆི་བ་མེད་དོ།། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ཡང་ཁྲག་ཁྲིག་ཕྲག་བ་དན་བཅུ་རྩ་གཉིས་ཡོད་པར་གྱུར་ཏོ།།




iiif viewer powered by OpenSeadragon

155a - 156a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo