| | e-texts navigator
|
155a1 སེམས་དཔའ་བརྒྱད་སྟོང་གིས་ནི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། མི་སུམ་ཁྲི་ཉི་སྟོང་གིས་ནི་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས
155a2 ཡང་ཀླུའི་རྒྱལ་པོ་རྒྱ་མཚལ་བཀའ་སྩལ་བ། ཀླུའི་བདག་པ་བྱང་ཆུབ་སེམས་དཔའ་རྣམས་ནི་མུན་པ་མུན་ནག་དང་བྲལ་བའི་ལམ་འདིས་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད་དོ།། མི་ཟད་པའི་ཐམ་ཏོག་གི་གཟུངས་ཀྱི
155a3 ལེ་སྟེ་གསུམ་པའོ། ། །། ཀླུའི་བདག་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་བ་གྲངས་མེད་པ་པས་ཀྱང་ཆེས་གྲངས་མེད་པ་ཡུན་རིང་པོ་དཔག་དུ་མེད་པ་བསམ་གྱིས་མི་ཀྵལ་པའི་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་རྣམ་པར
155a4 ས་པྱོད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག
155a5 རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཚངས་པའི་དཔལ་ལྷའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས
155a6 ཁྱད་པར་གྱི་ཡོན་ཏན་བཀོད་པ་བསྡུས་པ་དེ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་། ལྷ་དང་མི་རྣམས་ཀྱིས་གང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འདི་ནི་གླིང་བཞི་པའི་འཇིག་རྟེན་གྱི
155a7 ཁམས་བྱེ་བ་ཕྲག་བརྒྱ་མ་ཇི་ཙམ་པ་དེ་ཙམ་གྱི་གྲོང་བཞི་པའི་གྱུར་ལ། དེ་ལྟ་བུའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་དེའི་འཇིག་རྟེན་གྱི་འ
155a8 ཁྱད་པར་གྱི་ཡོན་ཏྲན་བཀོད་པ་བསྡུས་པར་གྱུར་ཏེ། དེ་ལྟར་ཐ་གྲུ་ཆེ་ཞིང་ཡངས་པ་དེ་ལྟར་ཚད་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་འདྲ་བར་གྱུར་ཏེ། དེ་ཉིད་ཀྱི་སྣང་བས་རྟག་ཏུ་སྣང་བར་གྱུར་ཏོ།།
iiif viewer powered by OpenSeadragon
154b - 155b