e-texts navigator
Collection
Volume
Page
Wylie

153b1 གནས་པ་ཞེས་བརྗོད་དོ། ། ཀླུའི་བདག་པོ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེའི་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས
153b2 རབའ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ།། ཀླུའི་བདག་པོ་དཔེར་ན་སྤོས་བརྒྱ་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟམ་ཏོག་གི་སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར་བྱེད་པ་དེ་བཞིན་དུ
153b3 མི་ཟད་པའི་ཟམ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ལེགས་པར་སྨྲ་བས་ཡང་དག་པར་མགུ་བར་བྱེད་དོ། ། ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི་སྒྲ་ཐམས་ཅད་ལ་འཇུག་པ་སྟེ།
153b4 དི་ནི་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཅིག་པའི་སངས་རྒྱས་ཀྱི་ཞིང་མི་ཟད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་གཞག་པ་ཞེས་བྱའོ།། འདི་ན་ཐམས་ཅད་ནབྱེད།
153b5 པ་ཉིད་ཅེས་བྱས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི་སངས་རྒྱས་ཀྱི་ཞིང་ཁྱད་པར་སྡུས་པའི་འཇིག་རྟེན་གྱི་ཁམས་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ།། འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས
153b6 པ་གྲུབ་པར་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཞི་བའི་འཇིག་རྟེན་གྱི་ཁམས་ན་གཟི་བྱིན་ཅན་ཞེས་བྱའོ། ། འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་དང་བྲལ་བའི་སངས་རྒྱས་ཀྱི་ཞིང
153b7 བྱ་ངན་མེད་པའི་འཇིག་རྟེན་གྱི་ཁམས་ན་ལེགས་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ། ། འདི་ན་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཞལ་གྱི་སངས་རྒྱས་ཀྱི་ཞིང་དྲི་མ་མེད་པའི་འཇིག་རྟེན་གྱི
153b8 ཁམས་ན་རྒྱ་ཆེན་པོ་མི་ཟད་པ་དང་ལྡན་པ་ཞེས་བྱ་བའོ། ། འདི་ན་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲི་མེད་འོད་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྣང་བའི་འཇིག་རྟེན་གྱི་ཁམས་ན་སྒྲོལ




iiif viewer powered by OpenSeadragon

153a - 154a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo