e-texts navigator
Collection
Volume
Page
Wylie

152b1 རང་ཐམས་ཅད་མཁྱེན་པ་ཉིད་ནི་དེའི་སེམས་ཀྱི་གྲོགས་བྱེད་པའོ། ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་དེའི་གོས་དང་། ཟས་དང་། སྐོམ་དང་། བཟའ་བའི་བྱ་བ་བྱེད་པའོ།། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་དུས་ཚིགས་ཀྱི་བདེ་བ་བྱེད་པའོ།།
152b2 བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ཐམས་ཅད་ལས་མི་འཇིགས་པར་བྱེད་པའོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་ལེགས་པར་བྱ་བའི་ལས་བྱེད་པའོ།། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་འགྱོད་པ་མེད་པར་བྱེད་པ
152b3 དང་། ཉེ་བར་ཞི་བར་བྱེད་པའོ།། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་ཆོས་ཐམས་ཅད་ཡོངས་སུ་དག་པར་བྱེད་པའོ།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེའི་གཉི་གའི་དོན་བྱེད་པའོ།། སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་ཅི་འདོད
152b4 པའི་དོན་ཡང་དག་པར་ཐོབ་པར་བྱེད་པའོ། ། སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པའོ།། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེའི་དུས་གསུམ་པ་ཡེ་ཤེམ་ཐོགས་པ་མེད་པར་བྱེད་པའོ།།
152b5 བྱམས་པ་ནི་དེའི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་སྒྲུབ་པར་བྱེད་པའོ།། སྙིང་རྗེ་ནི་དེའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་སེལ་བར་བྱེད་པའོ།། དགའ་བ་ནི་དེའི་རངས་པ་དང་དགའ་བར་བྱེད་པའོ།། བཏང་སྙོམས་ནི་དེའི་རྗེས
152b6 སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་བྱེད་པའོ། ། བདེན་པའི་གཏམ་ནི་དེའི་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་བྱེད་པ་སྟེ། ཀླུའི་བདག་པོ་འདི་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཁ་དོག་ནི་ལུམ་ཡིན་ནོ།། བྱང་ཆུབ་སེམས
152b7 དཔའ་གང་གཟུངས་འདིས་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་ནི་རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་མགོ་བོར་གྱུར་པ་ལྟ་བཱ་ཡིན་ནོ། ། བརྒྱ་བྱིན་རི་རབ་ཀྱི་ཟོམ་ན་བདག་པོར་གྱུར་པ་ལྟ་བུ་ཡང་ཡིན་ནོ།། ཚངས་པ་ལྟ་བར
152b8 ཚངས་པའི་གྱུར་བ་ཡང་ཡིན་ནོ། ། ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་ལྟ་བུར་ལུས་ཁྱད་པར་དུ་འཕགས་པ་ཡང་ཡིན་ནོ།། རྒྱ་མཚོའི་གཏིང་དཔག་དཀའ་ཞིང་མུ་མེད་པ་ལྟ་བུ་ཡང་ཡིན་ནོ།། རི་རབ་ལྟ་བུར་བསོད་ནམས་དག་གིས




iiif viewer powered by OpenSeadragon

152a - 153a

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo