| | e-texts navigator
|
145a1 ཆོས་རྣམས་ཀྱི་ངེས་པལ་ཡང་མི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟག་པ་ཐམས་ཅད་དང་ཡང་བྲལ་བ་དང་། ཁྲི་བ་ཡང་མེད། བསྟན་པ་ཡང་མེད་པ་དང་། མུན་པ་ཡང་མེད། སྣང་བ་ཡང་མེད་པ་དང་།
145a2 ནམ་མཁའ་ངོ་བོ་ཉིད་དང་མཉམ་པ་ཉིད་ཐོབ་པ་དང་། རང་བཞིན་གྱི་མཚན་ཉིད་དང་། མཉམ་པའི་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་མེད་པ་མ་ཡིན་པ་དང་། མཚན་ཉིད་མེད་པར་མཚན་ཉིད་ཅིག་པ་དང་། འདུ་ཤེས
145a3 ཐམས་ཅད་དང་བྲལ་བ་དང་། རིག་པ་མེད་པ་དང་། ཚོར་བ་ཐམས་ཅད་ཛྙཱན་གཅད་པ་དང་། བྱིན་ཅི་ལོག་མཉམ་པ་ཉིད་དུ་མཐོང་བ་ནི་ཐ་སྙད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ཞེས་བྱ་སྟེ། དོན་དམ་པར་ནི་མ་ཡིན་པ་དང་། ངོས
145a4 ཡང་ཐོབ་པ་མེད་ལམ་ཐོབ་པ་ཡང་མེད་པ་དང་། བླངས་པ་ཡང་མེད་བོར་བ་ཡང་མེད་པ་སྟེ། ཀླུའི་བདག་པོ་དེ་ལྟར་ན་ངེས་པར་འབྱུང་བའི་ཆོས་གང་དག་ཡིན་པ་རྣམས་སྟོན་ཅིང་མཆོད་པ་གང་གིས་ཉན་ཐོས་རྣམས་ཀྱིས་ཤེས
145a5 པ་ཐོབ་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་རྣམས་ཀྱི་ཤེས་པ་འཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་འཐོབ་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས
145a6 བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱུ་བར་འགྱུར་བའིདི་ནི་སངས་རྒྱས་ཀྱི་གསུང་ཞེས་བྱའོ། ། ཡང་ཀུན་རྫོབ་ཀྱི་གཞིའི་གནས་ལས་བརྟེན་པ་ཡིན་གྱི་དོན་དམ་པར་ནི་ཇི་ལྟར་ཡང་སངས་རྒྱས་ཀྱི
145a7 གསུང་ཐ་སྙད་དུ་གདགས་པར་མི་ནུས་ཏེ། སངས་རྒྱས་ཀྱི་གསུང་ནི་ཚིག་མེད་པའོ།། སངས་རྒྱས་ཀྱི་གསུང་ནི་དག་མེད་པ། སྒྲ་མེད་པ། ཚིག་གི་ལམ་མེད་པ། བརྗོད་དུ་མེད་པ། རྣམ་པར་རིག་པར་བྱེད་པ་མེད་པ་གདགས
145a8 པ་མེད་པ་མིང་མེད་པ་མཚན་མ་མེད་པ། བྱེ་བྲག་བྱེད་པ་མེད་པ་རྣམ་པར་ཤེས་པ་མེད་པ། བསམ་དུ་མེད་པ་བསམ་གྱིས་མི་ཁྱབ་པ་འཇུག་པ་སྟེ། རབ་ཏུ་དབྱེ་བ་དང་བརྡ་སྤྲད་པ་དང་། ཉེ་བར་བསྟན་པར་མི་ནུས་སོ།། ཀླུའི
iiif viewer powered by OpenSeadragon
144b - 145b