e-texts navigator
Collection
Volume
Page
Wylie

133a1 བུང་བ་ཏུ་ཤེས་པ་དང་། བློ་བུང་རྩ་པར་ཉན་མངས་པས་ཉན་མངས་པ་ཅན་དུ་མ་འགྱུར་བས་ཆོས་ཐམས་ཅད་དང་བཞིན་གྱིས་རབ་ཏུ་དག་པར་ཤེས་པ་དང་། སྐྱེ་བ་དང་འཇོག་པ་དང་། གནས་པ་དང་བྲལ་བས་ཆོས་ཐམས།
133a2 ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་ཏེ། ཀླུའི་བདག་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཆད
133a3 བར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། ལས་ཀྱི་བྱ་བ་ལ་འཇུག་པ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་པ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ
133a4 རྣམས་ཆད་པར་ལྟ་བར་ལྟུང་བར་མི་འགྱུར་རོ། ། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། མི་རྟག་པའི་ཆོས་ལ་འཇུག་པ་ཤེས་པ་དང་།
133a5 སྐྱེས་ནས་ཞིག་ཅིང་ཞུ་སྟེ། མི་གནས་པར་རབ་ཏུ་རྣམ་པར་དབྱེ་བ་ཤེས་པ་སྟེ། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་པར་ལྟ་བར་ལྟུང་བར་མི་འགྱུར་རོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན་ན་བྱང་ཆུབ
133a6 སེམས་དཔའ་རྣམས་བརྟེན་ཏེ་འབྱུང་བ་ལ་མཁས་པ་ཡིན་ཏེ། མ་རིག་པ་ཀུན་འབྱུང་བ་ནས་རྒ་ཤི་ཀུན་འབྱུང་བའི་བར་ལ་འཇུག་པ་དང་། མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་ལ་འཇུག་པ་དང་། ཆད་པར་ལྟ་བར
133a7 ཡང་མི་ལུང་བ་དང་། རྟག་པར་ལྟ་བར་ཡང་མི་གནས་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་བརྟེན་ཏེ་འབྱུང་བ་ལ་འཇུག་པ་ལ་མཁས་པ་ཡིན་ནོ།། ཀླུའི་བདག་པོ་ཆོས་བཞི་དང་ལྡན
133a8 ན་བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་གྱུར་པ་ཐམས་ཅད་དུ་ལྟ་བར་མི་འགྱུར་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཤེས་པས་བདག་དང་སེམས་ཅན་ཏུ་ལྟ་བར་མི་འགྱུར་བ་དང་། མཚན་མ་མེད་པ་ཤེས་པས་སྲོག་དང་གང་ཟག།།




iiif viewer powered by OpenSeadragon

132b - 133b

Texts on this page

Q820 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo