| | e-texts navigator
|
129a1 བདེ་ནིང་གསོ་སྦལ་དེས་པ་དང་། ང་རྒྱལ་མེད་ཅིང་སྲིའུ་བྱེད་པ་སྟེ། ཀླུའི་བདག་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དགེ་བའི་བཤེས་གཉེན་རྙེད་པར་འགྱུར་རོ།། ཀླུའི་བདག་པོ་ཆོས
129a2 གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པ་ཐབ་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། མི་བདྲང་ཞིང་གྱ་གུ་མེད་པའི་སེམས་དང་ལྡན་པ་དང་། ཕྲག་དོག་དང་སེར་སྣ་བསལ་བ་དང་།
129a3 གཞན་དག་གི་རྙེད་པ་དང་བཀུར་བསྟི་དང་། བདེ་བར་སྦྱར་བ་ལ་དགའ་བ་སྟེ། ཀླུའི་བདག་པོ་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་འཚམ་པའི་ཡུལ་དུ་གནས་པ་འཐོབ་པར་འགྱུར་རོ།། ཀླུའི་བདག
129a4 ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་ལྡན་པར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་སྟོབས་དང་། བསོད་ནམས་ཀྱི་ཚོགས་ཀྱི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས
129a5 དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྟོབས་དང་། ཆོས་ཉིད་ལ་སྟོན་པའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་ལྔ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དེ་དག་དང་ལྡན་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང
129a6 ལྡན་ན་དགའ་བའི་ཤས་ཆེ་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུའི་སྟོབས་དང་། ཡང་དག་པར་སྦྱོར་བའི་སྟོབས་ཏེ། ཀླུའི་བདག་པོ་ཆོས་དེ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་དགའ་བའི་ཤས་ཆེ་བར་འགྱུར་རོ།།
129a7 ཀླུའི་བདག་པོ་ཆོས་གསུམ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པ་ལ་མོས་པ་དང་། བཟོད་པའི་སྟོབས་དང་། ཡང
129a8 དག་པའི་འས་ལེགས་པར་རྩོམ་པ་སྟེ། ཀླུའི་བདག་པོ་ཆོས་གསུམ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པར་འགྱུར་རོ།། ཀླུའི་བདག་པོ་ཆོས་གཉིས་དང་ལྡན་ན་བྱང་ཆུབ་སེམས
iiif viewer powered by OpenSeadragon
128b - 129b