| | e-texts navigator
|
127b1 ར་ན་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོ་དང་ངན་སང་ཐམས་ཅད་ཡང་དག་པར་ཆད་པ་དང་། མི་ཁོམ་པ་བརྒྱད་ལས་འདས་པ་དང་། ལྷ་དང་མོའི་སྐྱེ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ
127b2 རྒྱུན་མི་འཆད་པར་སངས་རྒྱས་མཐོང་བ་ཐོབ་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་དང་། འཚམ་པའི་ཡུལ་དུ་གནས་པ་འཐོབ་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དད་པ་དང་། དགའ་བའི་ཤེས
127b3 པབ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་དགེ་བའི་ཆོས་ཐམས་ཅད་ཀྱིས་འབོགས་པ་ལེགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དོན་དུ་གཉེར་བ་དང་ཆོས
127b4 འཚལ་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བ་དང་། ཐོས་པ་ཚོལ་བས་ཆོག་མ་འཚལ་བ་དང་། ཐོས་པ་སྒྲུབ་པས་མངོན་པར་འཕགས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ
127b5 འབྱུང་བ་ལ་མོས་པ་དང་། ནགས་དང་ནགས་འདབ་ན་ཆུབ་དང་། འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྲུངས་པ་ལ་མངོན་པར་དགའ་བ་དང་། རབ་ཏུ་བྱུང་བའི་ཡོན་ཏན་རྣམས་ཡོངས་སུ་རྫོགས་པ་བགྱིད་པ
127b6 ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཟབ་མོའི་ཚུལ་ལ་གནས་པ་དང་། ཆད་པ་དང་བརྟག་པར་ལྟ་བ་ཡོངས་སུ་སྤངས་པ་དང་། རྒྱུ་དང་རྐྱེན་གྱི་ཆོས་རྣམས་ལ་ཞུགས་པ་དང་། ལྟ་བའི་རྣམ་པ་ཐམས་ཅད
127b7 དང་བྲལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་རྣམ་པར་བརྩེ་བ་དང་། སྒྲིབ་པ་མ་མཆིས་པའི་ཡེ་ཤེས་མཐོང་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ
127b8 རྣམས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་དང་། ཆོ་ག་འཚལ་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། གཟུང་བ་དང་། ཀླག་པ་དང་། བརྡ་སྤྲོད་པ་ལ་མཁས་པ
iiif viewer powered by OpenSeadragon
127a - 128a