| | e-texts navigator
|
125b1 དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་རྒྱལ་པོ་དྲི་མེད་འོད་ལ་སོགས་པ་འོག་མིན་གྱི་ལྷའི་བུ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་གྱི་དབང
125b2 པོ་དྲུག་ཁྲི་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་མེ་འམ་ཅིའི་རྒྱལ་པོ་བཞི་ཁྲི་ཉིས་སྟོང་དང་དྲི་ཟའི་རྒྱལ་པོ་ཕྲེང་ཐོགས་ལ་སོགས་པ་དྲི་ཟའི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་དང་། ཀླུའི་རྒྱལ་པོ་མ་དྲོས་པ
125b3 ལ་སོགས་པ་ཀླུའི་རྒྱལ་པོ་བདུན་ཁྲི་ཉིས་སྟོང་དང་། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞི་སྟོང་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།
125b4 ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་འཁོར་སྟོང་ཕྲག་དྲི་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་། ལྷ་ཐམས
125b5 ཅད་ཀྱི་བཀོད་པས་ལེགས་པར་བརྒྱན་པའི་སེང་གེའི་ཁྲི་ལ་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་གྱེན་དུ་འཕགས་པ་བཞིན་དུ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན
125b6 ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ལྷམ་མེ་ལྷན་ནེ་ལྷང་ངེ་ཞིང་བཞུགས་སོ། ། དེ་ནས་དེ་ལྟར་འདུས་པའི་འཁོར་དེའི་ནང་ན་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པའི་སྟེང་གི་བར་སྣང་ལ་རིན་པོ
125b7 ཚེའི་གདུགས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་དང་ལྡན་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཞིག་བྱུང་སྟེ། རིན་པོ་ཆེའི་གདུགས་དེས་ཐ་ཡད་དང་ལྡན་པའི་གླིང་བཞཔ་ཆེན་པོའི་འཇིག་རྟེན་འདི་ཀུན
125b8 ཁེབས་པར་གྱུར་ཏོ། ། རིན་པོ་ཆེའི་གདུགས་དེ་ལས་ཀྱང་མུ་ཏིག་ཁ་དོག་ཏུ་མའི་རྒྱན་ཕྲེང་འབུམ་ཕྲག་དུ་མ་འདི་ལྟ་སྟེ། མུ་ཏིག་དཀར་པོ་དང་། མུ་ཏིག་དམར་པོ་དང་། མུ་ཏིག་དྲི་མ་མེད་པ་དང་། གསེར་ལྟ་བུའི་མུ
iiif viewer powered by OpenSeadragon
125a - 126a