e-texts navigator
Collection
Volume
Page
Wylie

193b1 ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ།། རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་དང་། ཆུང་མ་དང་། བུ་སྦྱིན་པ་བྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་གིས་དམ་པ
193b2 མགོ་དང་། མིག་དང་། ལུས་དང་། རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་བྱིན་ན་མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། ལུས་དང་། ཆུང་མ་དང་།
193b3 བུར་བཅས་པའི་སྦྱིན་པའི་བསོད་ནམས་ཆེ་བ་ལགས་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི
193b4 མི་རྣམས་ལ་འཇིག་འཇིག་རྟེན་དུ་སྤེལ་ཏེ་ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་ཡི་གེ་དང་དོན
193b5 སྟོན་ཅིང་ཁོང་དུ་ཆུད་ན་མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ། དགའ་བོས་གསོལ་པ། ཡི་གེ་གཞན་དུ་འདོན་ཅིང་ཁོང་དུ་ཆུད་པའི་བསོད་ནམས་ཆེའོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས
193b6 མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མེད་པར་ཁ་ཏོན་དུ་ཤེས་ལ་དོན་ཟབ་མོ་མི་ཤེས་པར་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བཙམ་འཆང་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས
193b7 ཀྱང་བྱང་བར་ལ་དོན་ཤེས་ལ་དོན་ཟབ་མོ་ཡང་རྟོགས་ཏེ། ། མདོ་སྡེའི་གླེགས་པམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་མས་གཔལ་ཅང་ན་མེད་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དག་འ་ཚམ
193b8 གསོལ་པ། ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོན་ཅིང་འཆང་བའི་བསོད་ནམས་མཆོག་ཏུ་གྱུར་པ་ལགས་སོ།། སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས




iiif viewer powered by OpenSeadragon

193a - 194a

Texts on this page

Q805 - 'phags pa ting nge 'dzin mchog dam pa