| | e-texts navigator
|
149b1 བར་ཀུན་སྟོང་ཞིང་མི་གཡོ་བ་དེ་ལྟ་བུའི་གཞུང་དག་པ་དང་། ཤེས་རབ་དང་ཡང་དག་པའི་མི་གཡོ་བ་བསྟན་པར་སྨོན་ཏོ།། བཙུན་པས་རྟག་ཏུ་དེ་ལྟ་བུ་བདེན་པ་མི་གཡོ་བའི་སྟོང་པའི་ཆོས་བསྟན་པ་སྨན་བཟང་པོ་ལགས་སོ།། སངས
149b2 རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་ཕྱིར་རོ།། སྟོང་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་དོ།། སེམས་ལ་རྟག་པར་སྐྱེ་བ་མེད་དོ།། སྟོང་པའི་ངོ་བོ་ཉིད་ལ་ཞི་བ་མེད་དེ། སེམས་ལ་ཡང་བྱ་བ་ཡང་མེད་དོ།། སྟོང་པའི་ལས
149b3 འབྱུང་འཇུག་མེད་དེ། ཐོབ་པ་དང་སྟོང་པའི་རྣམས་དང་བྲལ་བས་ཕུང་པོ་དང་། ཁམས་དང་། ཞུགས་པ་ལ་སོགས་པ་ཀུན་ཀྱང་མེད་དོ།། སེམས་མི་གཡོ་མ་ཆགས་པ་དེ་དང་མཚུངས་སོ།། བྱང་ཆུབ་སེམས་དཔའི་སྟོང་པའི་རྣམས
149b4 བཤད་པ་ནི་ཡོད་པའི་བཤིག་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཙུན་པ་ཡོད་པ་བཙལ་ན་བདེན་པ་མ་མཆིས་ཏེ། སྨིག་རྒྱུ་དང་ཆུ་དང་མཚུངས་བདེན་པར་རིག་སྟེ། མེད་པ་མ་ལགས་ན་མེའི་རང
149b5 བཞིན་དང་མཚུངས་སོ། ། དེ་ལྟ་བུར་རྟོག་པ་ནི་མི་འཛངས་པ་ལགས་སོ།། སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ།། ཇི་ལྟར་མི་དེས་ཡང་དག་པ་ལ་བརྟགས་ཏེ། སྟོང་པཞི་པ་གཅིག་པུའི་མཚན་མ་ལ་བརྟགས་ན་མཚན་མ་མེད་པ
149b6 དང་མཚུངས་སོ། ། སྟོང་པ་སྤྱད་དེ་བླངས་ནས་སྟོང་པ་སྤྱད་པས་ན་སངས་རྒྱས་མཐོང་བ་མ་སྟོར་ཏོ།། སངས་རྒྱས་མཐོང་བ་སྤྱད་པ་ན་འབབ་པ་གསུམ་དང་བྲལ་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ན་གྲོལ་ཐར་གསུམ་གྱི་ལམ་མད
149b7 གཅིག་སྟེ། ངོ་བོ་ཉིད་མེད་དོ།། དེའི་ངོ་བོ་ཉིད་མེད་པས་ན་སྟོང་ངོ་དོ།། སྟོང་པས་ན་མཚན་མ་མེད་དོ།། མཚན་མ་མེད་པས་ན་བྱ་བ་མེད་དོ།། བྱ་བ་མེད་པས་ན་བཙལ་བ་མེད་དོ།། བཙལ་བ་མེད་པས་ན་སྨོན་ལམ་མེད་དོ།། དེ་ལྟ་བུའི་ལས
149b8 སྤྱད་པས་ན་སེམས་གཙང་དོ། ། སེམས་གཙང་བས་ན་སངས་རྒྱས་མཐོང་ངོ་།། སངས་རྒྱས་ཐོབ་པ་ན་ཡུལ་གཙང་མར་སྐྱེའོ།། བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཟབ་མོའི་ཆོས་བསྟན་པས་གསུམ་འགྲུས་པར་སྤྱད་དེ་ཤེས་རབ
iiif viewer powered by OpenSeadragon
149a - 150a