e-texts navigator
Collection
Volume
Page
Wylie

147b1 བྱུང་ངོ་། ། ཆོས་དེ་ལྟ་བུ་ཡིན་པར་རིག་ན་ཡི་གེའི་འབྲུ་དང་། ཚིག་ལས་མི་འབྲངས་ཏེ། སེམས་དང་སེམས་ཀྱི་གཞུང་གིས་ང་ལ་རྣམ་པར་མི་རྟོག་གོ།། ང་སྒྱུ་མའི་མེ་ཡིན་པར་རིག་ན་གདོད་སྟོང་པ་ཞི་བའི་ཐོབ་པོ།། སྟོང་པ་ནི་བའི
147b2 ཐོབ་ན་གདོད་བླ་ན་མེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་པོ། ། དེ་ནས་ཚངས་པ་ཡ་རབས་སྤྱོད་ཀྱིས་ཚིག་དེ་སྐད་བཤད་པ་ཐོས་ནས་ཚིགས་སུ་བཅད་པ་བཤད་དོ།། མིང་དང་གཟུགས་ལས་རྣམ་པར་བརྟགས།། ཆོས
147b3 གྱི་མིང་དང་གསུམ་ཞེས་བྱ། ། ཡང་དག་མི་ག་ཡོ་དྲང་ཤེས་རབ།། དེ་དང་སྡོམས་ན་ལྔར་འགྱུར་རོ།། བདག་དེ་ཆོས་ད་བཤད་པས་སུ།། ཆ་དང་རྟག་པ་བཅིངས་བརྟགས་ཏེ།། སྐྱེ་དང་ཤི་བའི་ལམ་དུ་ཞུགས།། ཆད་པ་དེ་ནི
147b4 རྟག་པ་ཡིན། ། ཡང་དག་གཤེགས་པས་སྟོང་ཆོས་སྤྱད།། ཆད་དང་རྟག་པས་ཡོད་བྲལ་ལོ།། རྒྱུ་རྐྱེན་མེད་པའི་མི་སྐྱེ་སྟེ།། མི་སྐྱེ་བས་ནི་མི་ཤིའོ།། རྒྱུ་རྐྱེན་ཡོད་པར་འཛིན་པ་ནི།། སྟོང་པ་མེ་ཏོག་ཐུབ་བཞིན།། དཔེ་རུ་མེ་ཏོག
147b5 ཐུབ་བཞིན། ། མཐའ་རུ་ཐོབ་པར་ཡོད་མི་འགྱུར།། རྒྱུ་རྐྱེན་བླངས་པ་རྣམས་དང་བྲལ།། གཞན་ལས་ཞི་བའང་མ་ཡིན་ཏེ།། བདག་གི་གཞུང་ཡང་མ་ཡིན་ནོ།། མི་གཡོ་རྟེན་པས་བདེ་བ་ཐོབ།། དེ་ནི་ཡང་དག་བདེན་པའི་ཆོས།། །
147b6 རྟག་པར་རང་དབང་མི་གཡོ་བཞིན།། ཆོས་རྣམས་ཟད་པར་ཀུན་ཤེས་པ།། ལས་སུ་འཕྲུལ་བས་སྤྲུལ་པ་ཡིན།། ཤེས་རབ་བྲལ་ན་ཆོས་ཉིད་སྟོང་།། དེ་བས་སྟོང་པའི་གནས་ལས་བཤད།། སྐྱེ་དང་ཤི་བའི་ཆོས་བཀག་སྟེ།།
147b7 མྱ་ངན་ལས་སུ་འདས་པར་གནས།། ཐུགས་རྗེ་ཆེན་པོས་བསྡུས་པས་སུ།། མྱ་ངན་འདས་ལ་མི་ཆགས་སོ།། བསྒྱུར་བས་བླང་བར་ནུས་པ་སྟེ།། ཡང་དག་གཤེགས་པའི་མཛོད་དུ་ཆུད།། དེ་ནས་ཕལ་མང་པོའི་གཟུང་དེ་སྐད
147b8 བཤད་པ་ཐོས་ནས་ཀུན་གྱིས་དང་པོའི་སྲོག་ཐོབ་སྟེ། ཡང་དག་པར་གཤེགས་པར་ཆུད་དེ། ཡང་དག་པར་གཤེགས་པའི་མཛོད་ཀྱི་མཆིའོ།། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་བརྒྱད་དེ། མདོ་འཛིན་པའི་ལེའུའོ།།




iiif viewer powered by OpenSeadragon

147a - 148a

Texts on this page

Q803 - rdo rje'i ting nge 'dzin gyi chos kyi rnam grangs yi ge