e-texts navigator
Collection
Volume
Page
Wylie

144b1 ཆགས་ཏེ། བསམ་གཏན་བཞི་དང་བྲལ་ནས་སྤྱི་ཡོད་ལས་འདས་སོ།། སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ།། ཇི་ལྟ་ཞེ་ན། ཆོས་སོ་ཅོག་གི་མིང་གི་རྣམ་གྲངས་ཏེ། བསམ་གཏན་བཞི་དེ་ཡང་དེ་དང་མཚུངས་སོ།། ཡང
144b2 དག་པར་གཤེགས་པ་མཐོང་ན་ཡང་དག་པར་གཤེགས་པའི་སེམས་རང་དབང་བས་རྟག་པར་མེད་པ་ཞི་བར་གནས་སོ། ། འབྱུང་ཡང་མི་འབྱུང་། འཇུག་ཀྱང་མི་འཇུག་སྟེ། ཕྱི་ནང་མཉམ་སྙོམས་སོ།། པོ་དགེ་བ་དེ
144b3 བསམ་གཏན་དེ་རྣམས་ཀྱིས་བརྟགས་ན་འདུ་ཤེས་ཀུན་ཐོབ་སྟེ། མི་གཡོ་བ་མེད་པས་ཕན་ཚུན་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། མི་གཡོ་བའི་ཕྱིར་རོ།། མི་གཡོ་བ་སྤྱད་དེ་མི་གཡོ་བའི་ཡང་དག་པ་ལ་བརྟགས་ན། མི་གཡོ་བའི
144b4 མཚན་མ་ལ་རྟོགས་པ་མི་མཐོང་བས་མཚན་མ་རྣམས་སྟོང་ཞིང་ཞིའོ། ། སྟོང་ཞིང་ཞིན་མི་གཡོ་བའི་གཞུང་ཡིན་ནོ།། དེ་ལྟ་བུའི་འདུ་ཤེས་བསམ་གཏན་ཐུབ་པ་ཡིན་ཏེ། བསམ་གཏན་ཉིད་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན།
144b5 བསམ་གཏན་གྱི་ངོ་བོ་ཉིད་གཡོ་བའི་རྣམ་གྲངས་དང་བྲལ་ཏེ། གོས་པ་ཡང་མེད། བསྒོ་བ་ཡང་མེད། ཆོས་ཀྱང་མེད། འགྲིབ་པ་ཡང་མེད་དེ། རྣམ་པར་རྟོག་པའི་རྣམ་གྲངས་དང་བྲལ་བས་ཕྱི་མོའི་གཞུང་གིས་གཞུང
144b6 བཞིན་ནོ། ། པོ་དགེ་བ་དེ་ལྟ་བུར་རྟོགས་ཏེ་ཐུབ་ན། བཟོད་མིང་བསམ་གཏན་ཞེས་བྱའོ།། ཤཱ་རིའི་བུས་གསོལ་པ། བསམ་གྱིས་མི་ཁྱབ་པོ།། ཡང་དག་པར་གཤེགས་པས་རྟག་པར་མི་གཡོ་བའི་ཡང་དག་པ་སྤྱོད་དེ།
144b7 སེམས་ཅན་བསྟན་པ་དེ་ལྟ་བུའི་ཡང་དག་པའི་གཞུང་ལ་ཡི་གེའི་འབྲུ་མངལ་གཞུང་གི་རྒྱ་ཆེ་སྟེ། རྩ་བ་རྣོ་བའི་སེམས་ཅན་གྱིས་གདོད་སྤྱད་ནུས་ཀྱི་རྩ་བ་བརྟུལ་བའི་སེམས་ཅན་གྱིས་ཡིད་བཞག་དཀའོ།། ཇི་ལྟ་བུ
144b8 ཐབས་ཀྱིས་རྩ་བ་རྡུལ་པ་དེ་བདེན་པ་ཆུད་པར་བགྱིར་རུང་། སངས་རྒྱས་ཀྱིས་གསུངས་པ། རྩ་བ་རྟུལ་བ་དེའི་ཚིག་བཞི་ལེའུ་གཅིག་མནོས་ཏེ་གཟུངས་སུ་འཛིན་ཏུ་བཅུག་ན་ཡང་དག་པའི་བདེན་པར་ཆུད་དེ། སངས




iiif viewer powered by OpenSeadragon

144a - 145a

Texts on this page

Q803 - rdo rje'i ting nge 'dzin gyi chos kyi rnam grangs yi ge