e-texts navigator
Collection
Volume
Page
Wylie

140b1 ཀྱི་བྱང་དང་གཟུགས་ཀྱིས་སངས་རྒྱས་དང་། དེ་ལྟ་བུའི་སངས་རྒྱས་ཀྱི་གནས་ནས་བྱང་ཆུབ་གཡོས་པས་གསུམ་འདུས་པའི་ཚུལ་ཁྲིམས་ཆུད་དེ། དེའི་མཚན་མ་ལ་མི་ཆགས་པས་ཁམས་གསུམ་གྱི་སེམས་ཞིའོ།། སྟོང་པའི
140b2 ས་ལ་ཡང་མི་ཆགས་མི་གནས་ན་བལ་རུང་བ་མ་བཏང་སྟེ། གདུལ་བ་མེད་པའི་སར་ཞུགས་པ་བསམ་གྱིས་མི་ཁྱབ་བོ།། དེ་ནས་ཤཱ་རིའི་བུ་འདུག་པ་ལངས་ཏེ། མདུན་དུ་ཚིག་ཏུ་བཅད་པ་བཤད་དོ།། ཤེས་རབ་མཚན་ནི་ཆོག་ཅད
140b3 ཚད། མྱ་ངན་འདས་མཁས་མི་ཆགས་ཏེ།། དམ་པའི་མེ་ཏོག་པད་མོ་བཞིན།། སྤོས་དོན་ལ་ནི་བྱུང་མ་ཡིན།། སངས་རྒྱས་བསྐལ་པ་གྲངས་མེད་དུ།། མྱ་ངན་འཁྲུགས་པ་ཀུན་མ་བཏང་།། འཇིག་རྟེན་བསྒྲལ་ནས་གདོད་ཐོབ་སྟེ།
140b4 པད་མོ་རྫབ་ལས་བྱུང་དང་མཚུངས།། དྲུག་སྤྱོད་པའི་ས་དེ་ནི།། བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སྟོང་པ་གསུམ་གྱི་ཕུང་པོ་དེ།། བྱང་ཆུབ་ཀྱི་ནི་དྲང་པོའི་ལམ།། ངན་སུ་ཆགས་མེད་འཁོད་པར་བྱས།། སངས་རྒྱས་ཀྱིས་སུ་བཤད
140b5 པ་བཞིན། ། འོངས་པ་ཡང་ནི་སླར་ཡང་འོངས།། ཆོག་ཅིང་གང་ནས་གདོང་འབྱུང་ངོ་།། སེམས་ཅན་རྣམ་པ་ཐམས་ཅད་ཀྱང་།། དེ་བཞིན་གཅིག་སྟེ་གཉིས་མིན་བྱས།། སླར་འོངས་པ་དང་ཕྱིས་འོངས་པ།། ཀུན་ཀྱང་དྲང་བ་ཚོར་བརྗེ།།
140b6 བྱས། དེ་ནས་སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་བ། བསམ་གྱིས་མི་ཁྱབ་པོ།། ཁྱོད་ཀྱིས་ཕྱིས་བྱང་ཆུབ་ཀྱི་ལམ་གྲུབ་ན། གྲངས་མེད་པའི་སེམས་ཅན་ཤི་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་ཅིག། དེ་ནས་ཕལ་མང་པོ་ཀུན
140b7 གྱིས་བྱང་ཆུབ་ཚེར་ནས་ཐེག་པ་ཆུང་ངུ་རྣམས་ཀྱིས་ཀྱང་སྟོང་པ་ལྔའི་མཚོར་ཆུད་དོ། ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ལེའུ་དྲུག་སྟེ།། ཡང་དག་པའི་ངོ་བོ་ཉིད་སྟོང་པའི་ལེའུའོ།། །། རྡོ་རྗེ་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ།
140b8 བམ་པོ་གཉིས་པ་སྟེ་ཐ་མའོ།། །། དེའི་ཚེ་ཤཱ་རིའི་བུས་སངས་རྒྱས་ལ་གསོལ་པ། བཙུན་པ་བྱང་ཆུབ་ལམ་སྤྱད་དེ། མིང་དང་གཟུགས་མ་མཆིས། ཚུལ་ཁྲིམས་གསུམ་གྱི་ཆོ་ག་ཡང་མ་མཆིས། ཇི་ལྟ་བུར་ན་བསྡུས




iiif viewer powered by OpenSeadragon

140a - 141a

Texts on this page

Q803 - rdo rje'i ting nge 'dzin gyi chos kyi rnam grangs yi ge