e-texts navigator
Collection
Volume
Page
Wylie

134b1 མ་མཆིས། འདུག་པ་ཡང་མ་མཆིས། སེམས་ཀྱང་མ་མཆིས། སེམས་ལ་སྐྱེ་བ་དང་། འདུག་པ་མ་མཆིས་ཏེ། དེ་ལྟ་བུར་འདུག་པའི་སེམས་ནི་སྐྱེ་བ་དང་། འདུག་པ་མ་མཆིས་ལགས་སོ།། བཙུན་པ་སེམས་ལ་སྐྱེ་བ་སྤྱོད་པ
134b2 མ་མཆིས་པ་ནི་བསམ་གྱིས་མི་ཁྱབ་པོ། ། བསམ་གྱིས་མི་ཁྱབ་པའི་ནང་ནི་བཤད་ཀྱིས་མི་ལང་ངོ་དོ།། སངས་རྒྱས་ཀྱིས་གསུངས་པ་དེ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་ཚིག
134b3 དེ་ལྟ་བུ་ཐོས་ནས་ཡོད་མ་མྱོང་ཞེས་བསྟོད་དེ། ཚིགས་སུ་བཅད་པ་བཤད་པ།། ཡེ་ཤེས་ཆེན་པོ་གང་རྒྱས་བཙུན།། སྐྱེ་བ་སྤྱོད་ཆོས་རྒྱ་ཆེར་བཤད།། ཐོས་པ་མྱོང་བ་ཐོས་པར་བགྱིས།། མ་བཤད་པ་ནི་ད་བཤད་དོ།།
134b4 དཔེ་རུ་ཟིལ་ངར་གཙང་མ་བཞིན།། བར་བར་གདོད་གཅིག་ལན་འགའ་འབྱུང་།། ཕྲད་པར་དཀའ་ཞིང་བསམ་པར་དཀའ།། ཐོས་པ་ཡང་ནི་ཤིན་ཏུ་དཀའ།། བླ་ན་མེད་པའི་དཔལ་ཞིང་གཤིན།། ནང་གི་མཆོག་གི་དམ་པ
134b5 སྨན། ། སེམས་ཅན་རྣམས་ཀུན་བསྐལ་བའི་ཕྱིར།། དེ་ནི་ཀུན་ཀྱང་དགྲོལ་བཤད་དོ།། དེ་ནས་པ་ལ་མང་པོའི་ནང་དུ་དེ་སྐད་བཤད་པ་ཐོས་ནས་ཀུན་གྱི་སྐྱེ་བ་མེད་པ་དང་། མ་སྐྱེས་པའི་ཤེས་རབ་ཐོབ་པོ།། རྡོ་རྗེའི་ཏིང་ངེ་འཛིན
134b6 ཀྱི་ཆོས་ཀྱི་ཡི་གེ་ལེའུ་བཞི་སྟེ། ཕྱི་མོའི་ཚོར་བའི་ཕན་བསོད་ཀྱི་ལེའུའོ།། །། དེའི་ཚེ་ཆགས་མེད་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་རོ་གཅིག་གི་ཡང་དག་པར་བདེན་པ་བསམ་གྱིས་མི་ཁྱབ་པར་བཤད་པ་ཐོས
134b7 ནས་ཐག་རིང་པོ་ནས་ཉེ་བར་འོངས་ཏེ་ཡང་དག་པར་གཤེགས་པ་བཞུགས་པར་བསྙེན་ཏེ། སེམས་གཅིག་ཏུ་བརྟགས་པར་ཉན་ཏེ། དཀར་གཙང་མའི་གནས་སུ་ཞུགས་ནས་ལུས་དང་སེམས་མི་གཡོ།། དེ་ནས་སངས་རྒྱས
134b8 ཀྱིས་ཆགས་མེད་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ། ཁྱོད་ཐོག་མག་ལས་འོངས།། ད་ག་ནས་གར་ཕྱིན། ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ།། བཙུན་པ་བདག་ཐོག་མའི་ཕྱི་མོ་མ་མཆིས་པ་ནས་མཆིས་སོ།།




iiif viewer powered by OpenSeadragon

134a - 135a

Texts on this page

Q803 - rdo rje'i ting nge 'dzin gyi chos kyi rnam grangs yi ge