e-texts navigator
Collection
Volume
Page
Wylie

130a1 ནོ། བྱང་ཆུབ་སེམས་དཔའ་སྐྱེ་བ་དང་། སྐྱེ་བ་མེད་པ་སྐྱེ་བ་སྤྱོད་པས་སྐྱེ་བའི་སེམས་བསལ་ཏོ།། སྐྱེ་བ་དང་ཞི་བར་གཅིག་ཆར་བཙལ་ན།། ང་སྐྱེ་བའི་ཕྱི་མོ་མི་སྱེ་སྟེ་སེམས་རྟག་པར་སྟོང་ཤིང་མི་གཡོའོ།། སྟོང
130a2 མི་གཡོ་བ་ལ་ཆགས་པ་མེད་ན་སེམས་ལ་ཆགས་པ་མེད་དེ་གདོད་སྐྱེ་བ་མེད་པ་ཡིན་ནོ། ། གྲོལ་ཐར་བྱང་ཆུབ་སེམས་དཔས་ཡང་སངས་རྒྱས་ལ་གསོལ་པ། བཙུན་པ་སེམས་ལ་ཆགས་པ་མེད་ན་བསླབ་ཅིང་སྦྱང་བ་ཅི་མཆིས
130a3 འོན་ཀྱང་བསླབ་པ་ཅི་མཆིས་སམ། སངས་རྒྱས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་སེམས་ལས་བྱུང་བ་དང་། འཇུག་པའི་སེམས་མེད་དེ་ཕྱི་མོ་ཡང་དག་པ་གཤེགས་པའི་མཛོད་དེ། ངོ་བོ་ཉིད
130a4 སྟོང་ཞིང་མི་གཡོ་བས་བསླབ་པ་ཡོད་པ་ཡང་མ་ཡིན་བསླབ་པ་མེད་པ་ཡང་མ་ཡིན་ནོ། ། བསླབ་པ་ཡོད་པ་དང་། བསླབ་པ་མེད་པ་དང་། མེད་པའང་མེད་ན་དེ་ནི་བསླབ་པ་ཡང་མེད་པའོ།། བསླབ་པ་མེད་ཡང་མ་ཡིན་པ་དེ་ནི་མིང
130a5 བསླབ་བོ། ། གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཇི་ལྟ་བུར་ན་ཡང་དག་པར་གཤེགས་པའི་མཛོད་ཀྱི་ངོ་བོ་ཉིད་སྟོང་ཞིང་མི་གཡོ་བ་ཞེས་བཀྱེ།། སངས་རྒྱས་ཀྱིས་གསུངས་པ། ཡང་དག་པར
130a6 གཤེགས་པའི་མཛོད་ནི་ལྗང་དུབ་ཀྱི་སེམས་ཀྱི་མཛོད་དེ། ངོ་བོ་ཉིད་སྟོང་པ་སྟེ་མི་གཡོ་བའོ།། མཚན་མ་ཤེས་པར་བྱ་ན་གཞུང་འཁྱིམས་ཏེ་མི་མནནོ།། ཡང་དག་པར་གཤེགས་པའི་མཛོད་ནི་ངོ་བོ་ཉིད་སྟོང་པ་སྟེ་མི་གཡོའོ།། གྲོལ
130a7 ཐརང་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ་ཇི་ལྟ་བུ་ན་ལྡང་དུབ་ཀྱི་སེམས་ཀྱིས་མཚན་མང་ཤེས་པར་རུང་། སངས་རྒྱས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གཞུང་ལ་ནི་རུང་བ་དང་མི་རུང་བ་ཡང
130a8 མེད་དོ། རུང་བ་དང་མི་རུང་བ་ཡང་ཡོད་དུ་ཟིན་ན་ནི་སེམས་སོ་ཅོག་སྐྱེས་ནས་སྟོང་ཞིང་ཁྲིའི་བསམ་པ་གཡོས་ཏེ་དེ་ནི་ལྡང་དུབ་ཀྱི་གཟུགས་ཡིན་ནོ།། བྱང་ཆུབ་སེམས་དཔས་ཕྱི་མོའི་ངོ་བོ་ཉིད་ཀྱི་མཚན་མ་ལ་བརྟགས་ན་གཞུང




iiif viewer powered by OpenSeadragon

129b - 130b

Texts on this page

Q803 - rdo rje'i ting nge 'dzin gyi chos kyi rnam grangs yi ge