| | e-texts navigator
|
128b1 ཅད་ཀུན་ཀྱང་སེམས་ཅན་གྲོལ། ། པལ་ཕྱིར་ཡངས་ཤིང་ཟབ་པ་དྲིས།། སྟོང་བཞི་པའི་ཆོས་མཚན་ག། མི་འགྱུར་གནས་པའི་དེ་རུ་རིག། ཡང་དག་གཤེགས་པའི་ཡེ་ཤེས་ཐབས།། དེ་ཕྱིར་མངོན་བཞུགས་བདེན་པ
128b2 འཆང་། ཀུན་ཀྱང་ཐེག་པ་གཅིག་བཞིན་འབྲང་།། གོ་བདུན་རྣམས་ཀྱི་རོ་ཟོ་མེད།། དཔེ་རུ་ཆར་གཅིག་ཅན་གྱིས་ས།། རྩ་རྣམས་ཐམས་ཅད་ཀུན་རྒྱས་ན།། སོ་སོའི་རང་བཞིན་ཐ་དང་།། ཆོས་རོ་གཅིག་གིས་བདས་པན།
128b3 ཐམས་ཅད་ཀུན་ཏུ་ཁྱབ་པར་གང་།། དཔེར་དུ་ཆར་དེས་བདས་དཔའདྲ།། ཀུན་ཀྱང་བྱང་ཆུབ་མྱུ་གྲ་སྱེ།། རྡོ་རྗེ་རྡོ་འདྲ་དེ་རྭ་ཞུགས།། ཡང་དག་བདེན་ཐུབ་ཆོས་བཤད་དོ།། འབྲུར་དོགས་པའི་འགྱོད་པ་བཅད་།། ཚོགས་གཅིག
128b4 རྒྱས་བཏ་བ་ཀུན་ཀྱང་འགྲུབ། ། རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེའི་ལེའུ་གཉིས་ཏེ་མཚན་མ་མེད་པའི་ཆོས་ཀྱི་ལེའུའོ།། དེ་ནས་བཙུན་པ་ཏིང་ངེ་འཛིན་ལས་བཞེངས་ནས་འདི་སྐད་ཅེས་གསུངས་སོ།། སངས
128b5 རྒྱས་ཡེ་ཤེས་ཀྱིས་ནི་ཡང་དག་པའི་ཆོས་ཀྱི་མཚན་མར་ཞུགས་ཏེ་ངོ་བོ་ཉིད་མི་འགྱུར་བའི་ཕྱིར་རོ། ། ཐབས་ཀྱི་རྫུ་འཕྲུལ་ཀུན་ཀྱང་མཚན་མ་ཡང་མེད། ཕན་པ་ཡང་མེད་ཚོགས་པ་གཅིག་གིས་གཞུང་རྟོགས་པས་ནི་ཤེས་པར
128b6 ཡང་དཀའ་ཆུད་པར་ཡང་དཀའ་སྟེ། ཐེག་པ་གཉིས་མཐོང་བ་དང་ཤེས་པ་ནི་གནས་མ་ཡིན་ནོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཤེས་པར་ནུས་སོ།། སེམས་ཅན་བསྒྲལ་དུ་རུང་བ་རྣམས་ལ་རོ་གཅིག་པུ
128b7 བཤད་དོ། ། དེའི་ཚེ་གྲོལ་ཐར་བྱང་ཆུབ་སེམས་དཔའ་འདུག་པ་ལས་ལངས་ནས་ཐལ་མོ་སྦྱར་པུས་མོ་བཙུགས་ཏེ་སངས་རྒྱས་ལ་གསོལ་པ། བཙུན་པ་སངས་རྒྱས་འདས་ཏེ་གཤེགས་པའི་སླང་ན། དྲང་པོའི་ཆོས་ནི་འཇིག
128b8 རྟེན་ནས་འདས་གཟུགས་ཀྱི་ཆོས་འཇིག་རྟེན་ན་སྤྱོད་དེ། བསྐལ་པ་ཐ་མའི་ཚེ་རྙོག་པ་ལྔའི་སེམས་ཅན་ངན་པའི་ལས་རྣམས་མང་པོས་ཁམས་གསུམ་ལ་འཁོར་ལོ་བཞིན་དུ་བསྐོར་ཏེ། འབྱུང་བའི་དུས་མ་མཆིས་པའི་ཚེ་སངས
iiif viewer powered by OpenSeadragon
128a - 129a