e-texts navigator
Collection
Volume
Page
Wylie

308b1 བྱེད་དོ། ། སྦྱོར་བ་མཆོག་བསྐྱེད་ནས་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པ་མི་འཇུག་པ་ནི་ཚུལ་ཁྲིམས་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་རྣམ་པར་རྟོག་པ་མི་སྐྱེ་བར་བཟོད་ཅིང་བཟུང་བ་དང་། འཛིན་པ་ཡོངས
308b2 སུ་ཤེས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། གང་གིས་ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་སྦྱོར་བ་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་འཐུན་པར་རྣམ་པར་རྟོག་པ་མི་འཇུག་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྣམ་པར
308b3 རྟོག་པ་རབ་ཏུ་ལྡོག་ཅིང་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་འཛིན་པར་མི་ལྷུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ལ་རང་གི་སེམས་ཀྱི་རྣམ་པར་རྟོག་པའི་དངོས་པོ་མེད་པར་ཤེས་རབ་ཀྱིས་སོ་སོར་བརྟགས་ནས
308b4 མཐའ་གཉིས་སུ་ལྟུང་བ་དང་། སྔོན་གྱི་ལུས་གནས་རབ་ཏུ་གྱུར་པས་རྣམ་པར་མི་འཇིག་པ་དང་། སོ་སོ་རང་གིས་རིག་པ་འཕགས་པའི་ཚུལ་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས
308b5 དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྟོང་པ་མི་རྟག་སྐད་ཅིག་མར།། བྱིས་པ་རྣམས་ནི་རྣམ་པར་རྟོག། འབབ་ཆུ་མར་མེ་ས་བོན་ལྟར།། སྐད་ཅིག་པའི་དོན་དུ་རྟོག། སྐད་ཅིག་ཉོན་མོངས
308b6 འཁྲུག་པ་ཞི། ། རབ་ཏུ་དབེན་པ་བྱེད་པ་སྤངས།། ཆོས་རྣམས་སྐྱེ་བ་མེད་པ་ནི།། སྐད་ཅིག་དོན་དུ་ངས་བཤད་དོ།། དངོས་པོ་སྐྱེས་ནས་འཇོག་པར་ནི།། བྱིས་པ་རྣམས་ལ་མི་འཆད་དོ།། བར་ཆད་མེད་པར་རྒྱུན་ཆགས་དངོས།། རྣམ
308b7 པར་རྟོག་པས་ཡོངས་སུ་བསྒོས། ། མ་རིག་པ་ནི་རྨ་བྱེད་དེ།། སེམས་ནི་དེ་ལས་རབ་ཏུ་འབྱུང་།། ཇི་སྲིད་གཟུགས་དག་མ་སྐྱེས་པ།། དེའི་བར་དུ་ཕྱོགས་ཅི་ཡོད།། ཞིག་པར་གྱུར་མ་ཐག་ཏུ་ནི།། སེམས་གཞན་དེའི་རྗེས་སུ་སྟེ།། གཟུགས
308b8 ནི་དུས་སུ་མི་གནས་ན། ། ཅི་ལ་དམིགས་ཏེ། འབྱུང་བར་འགྱུར།། དེ་དག་ལས་ནི་རབ་འབྱུང་ཕྱིར།། ཡང་དག་མ་ཡིན་རྒྱུ་ལས་སྐྱེས།། ཇི་ལྟར་གྲུབ་པ་མེད་པ་དེས།། སྐད་ཅིག་འཇིག་པར་རབ་ཏུ་ཤེས། རྣལ་འབྱོར་ཅན་གྱི་སྙོམས




iiif viewer powered by OpenSeadragon

308a - 309a

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u