| | e-texts navigator
|
305a1 བསམ་པ་ལས་འདས་པོས་དཔེ་རྣམས་ཀྱིས་དཔེར་བྱ་བ་མ་ཡིན་ནོ། ། འདི་ལྟར་བྱིས་སོ་སོའི་སྐྱེ་བོ་རྟོག་པ་ལ་མངོན་པར་ཞེན་པ་དང་། མུ་སྟེགས་ཅན་གྱི་རྣམ་པར་བཏགས་པའི་ལྷ་ཐ་ན་པ་འཕེལ
305a2 ནས་འཁོར་བ་ལ་ཐུག་པ་མེད་པར་འགྱུར་བ་དག་འཁོར་བར་འགྲོ་བའི་འཁོར་ལོ་ལ་ཡོངས་སུ་སྐྱོ་བར་བྱ་བ་དང་། བརྩོན་འགྲུས་ཁྱད་པར་ཅན་རྩོམ་དུ་བཞུག་པའི་ཕྱིར་དེ་དག་ལ་འདི་སྐད་དུ་དེ་བཞིན་གཤེགས
305a3 པ་རྣམས་ནི་མཐོང་བར་སྐབས་ཨུ་དུས་འབར་རའི་མེ་ཏོག་ལྟ་བུ་མ་ཡིན་ནོ། ། ཞེས་བསྟན་ཏེ་མཐོང་བར་དཀའ་ནས་རྩོམ་པ་གཏོང་བར་འགྱུར་བའི་ཕྱིར་རོ།། ས་འགའ་ནི་འདུལ་བའི་སྐྱེ་བོ་རྣམས་ལ་གཟིགས་ནས
305a4 འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་ཤིན་དུ་མཐོང་བར་དཀའ་བས་ཨུ་དུམ་འབར་རའི་མེ་ཏོག་བཞིན་ནོ། ། ཞེས་བཤད་དེ། ཨུ་དུམ་འབར་རའི་མེ་ཏོག་ནི་སུས་ཀྱང་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་ན། དེ་བཞིན་གཤེ
305a5 པའི་འཇིག་རྟེན་དང་ཐམས་ཅད་ཀྱིས་མཐོང་སྟེ། རང་གི་ཚུལ་རྣམ་པར་གཞག་པའི་ཕྱིར་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཨུ་དུམ་འབར་རའི་མེ་ཏོག་བཞིན་ནོ་ཞེས་བཤད་པ་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ
305a6 རང་གི་ཚུལ་རྣམ་པར་གཞག་པ་ནི་འཇིག་རྟེན་པའི་བསམ་པ་ལས་འདས་པས་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ཡིད་ཆེས་པར་མི་འགྱུར་ཏེ། སོ་སོ་རང་གིས་རིག་པའི་འཕགས་པའི་ཡེ་ཤེས་ཀྱི་སྤོད་ཡུལ་ལ་ནི་དཔེར་བྱ་བ་མེད་དོ།། །
305a7 དེ་ཁོ་ན་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་པས་མཐོང་བར་བྱ་བའི་མཚན་མ་རྣམས་ཀྱིས་དཔེ་བྱར་མི་རུང་ངོ་།། བློ་གྲོས་ཆེན་པོ་འོན་ཀྱང་ངས་དེ་བཞིན་གཤེགས
305a8 པ་རྣམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་མོ་ཞེས་དཔེས་བསྟན་པ་ལ་ཉེས་པ་མེད་དེ། ། བློ་གྲོས་ཆེན་པོ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་ནི་ཉ་དང་། རུས་སྦལ་དང་། ཤི་ཤུ་མ་ར་དང་། སེང་གེ་དྲང་། གླང་པོ་ཆེ་དང་། རྟ་དག་མི
iiif viewer powered by OpenSeadragon
304b - 305b