| | e-texts navigator
|
302b1 འཇུག་པའི་མཚན་ཉིད་ནི་འདི་ལྟ་སྟེ། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ། རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་ན་དེ་བཞིན་གཤེགས་པའི་རང་གིས་རིག་པ་འཕགས
302b2 པའི་ཚུལ་ལ་རབ་ཏུ་འཇུག་ཅིང་རྟོག་པ་དང་། ཆད་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པའི་ལྟ་བ་སྤངས་ནས་མཐོང་བའི་ཆོས་ལ་བདེ་བའི་སྙོམས་པར་འཇུག་པ་ལ་གནས་པ་མངོན་སུམ་དུ་འགྱུར་རོ།། བློ་གྲོས་ཆེན་པོ་ཆོས་ལྔ
302b3 དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་དང་། རང་གི་སེམས་སྣང་བ་དང་། ཕྱི་རོལ་གྱི་དངོས་པོ་དེ་དག་ཁོང་དུ་མ་ཆུད་པའི་ཕྱིར་སོ་སོའི་སྐྱེ་བོ་རྣམ་པར་རྟོག་པར་བྱེད་ཀྱི་འཕགས་པ་རྣམས་ནི་མ་ཡིན་ནོ།། །
302b4 བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྣམ་པར་རྟོག་པ་སྐྱེ་ལ་འཕགས་པ་རྣམས་ཀྱི་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ
302b5 བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀུན་རྫོབ་ཀྱི་བརྡའི་མིང་དང་། རྒྱུ་མཚན་ལ་མངོན་པར་ཞེན་པས་སེམས་ཀྱི་རྗེས་སུ་འབྲང་ངོ་།། རྗེས་སུ་འབྲངས་ནས་མཚན་མའི་ཁ་དོག་སྣ་ཚོགས་འདོད་པས་བདག་གིར་ལྟ་བར་ལྟུང་བའི་བསམ་པ་ཅན
302b6 རྣམས་གཟུགས་བཟང་པོ་ལ་མངོན་པར་ཞེན་པར་བྱེད་དེ། ། མངོན་པར་ཞེན་ནས་མི་ཤེས་པས་བསྒྲིབས་པའི་ཕྱིར་མངོན་པར་ཆགས་པ་སྐྱེད་དོ།། མངོན་པར་ཆགས་པར་གྱུར་ནས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས
302b7 བྱུང་བའི་ལས་སོགས་སོ། ། མངོན་པར་སྔགས་ནས་ནི་རྣམ་པར་རྟོག་པས་རང་ལ་འཆིང་བར་བྱེད་དེ། ཇི་ལྟར་དར་གྱི་སྲིན་བུ་སྟོན་པ་བྱེད་པ་བཞིན་དུ་འཁོར་བའི་རྒྱ་མཚོར་འགྲོ་བ་རྣམས་ཀྱིས་སྐོན་པར་ལྷུང་བ་ནི་ཟེ་ཆུན་གྱི་འཁྲུལ
302b8 འཁོར་བཞིན་ཏེ། འདི་ལྟར་གཏི་མུག་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུའི་ཟླ་བ་དང་། མཚུངས་པ་རང་བཞིན་གྱིས་བདག་དང་། བདག་གི་དང་བྲལ་བར་མ་ཤེས་ནས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་བྱེད་པར
iiif viewer powered by OpenSeadragon
302a - 303a