e-texts navigator
Collection
Volume
Page
Wylie

301b1 རྣམ་པར་ཤེས་པ་མེད་པ་ལ་དེ་བཞིན་གཤེགས་པའི་སྣང་པོ་ཞེས་བྱ་བ་ན་ནི་སྐྱེ་བ་དང་འཛག་པ་ཡང་མེད་པར་འགྱུར་ཏེ། བློ་གྲས་ཆེན་པོ་འོན་ཀྱང་བྱས་པ་དང་འཕགས་པ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡོད་པས་རྣལ་འབྱོར
301b2 པ་རྣམས་འཕགས་པའི་ས་སོ་རང་གིས་རིག་པ་ལ་འཇུག་ཅིང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་སྦྱར་བ་མི་གཏོང་ངོ་། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་ནམ་པོར་ཤེས་པ་འདི་ན་རང་བཞིན་གྱིས
301b3 ཡོངས་སུ་དག་པ་ཡིན་མོད་ཀྱོ། ཉན་ཐོས་དང་། རང་སངས་རྒྱས་རྟོག་པའི་ལྟ་བ་ཅན་ཐམས་ཅད་གློ་བྲར་གྱི་ཉོན་མོངས་པས་བསྒྲིབས་པའི་ཕྱིར་ཡོངས་སུ་མ་དག་པ་མཐོང་གི། དེ་བཞིན་གཤེགས་པ་རྣམས་ནི་མ་ཡིན་ནོ
301b4 གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་མངོན་སུམ་གྱི་སྤྱོད་ཡུལ་ཅན་ཡིན་པས། དཔེར་ན་ལག་མཐིལ་གྱི་རྒྱུ་རུ་རའི་འབྲས་བུ་བཞིན་དུ་གཟིགས་སོ།། བློ་གྲོས་ཆེན་པོ་ངས་དོན་འདི་རྫུ་འཕྲུལ་གྱི་མཐུའི་རྣམ་པར་གཞག་པས
301b5 བཙུན་མོ་ཕྲེང་ལྡན་མ་དང་། གཞན་ཡང་ཤེས་རབ་རྣོ་ཞིང་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་རྣམ་པར་ཤེས་པ་བདུན་དང་ལྷན
301b6 ཅིག་ཕྱེ་བར་བསྟན་ཅིང་བཤད་དེ། ཉན་ཐོས་རྣམས་གང་ཟག་ལ་བདག་མེད་པར་མཐོང་བ་ལ་མངོན་པར་ཞེན་པའི་ཕྱིར་བཙུན་མོ་འཕྲེང་ལྡན་མ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་བཤད
301b7 ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་དེ་བཞིན་གཤེགས་པ་ཉག་གཅིག་དང་། གཞན་ཡང་ཤེས
301b8 རབ་རྣོ་ཞིང་དོན་ལ་རྟེན་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། ། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ཁྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་དེ་བཞིན་གཤེགས་པའི




iiif viewer powered by OpenSeadragon

301a - 302a

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u