| | e-texts navigator
|
299b1 དང་མི་རྟག་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པའི་ཉེས་པ་སྤངས་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ནོ།། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ནོ།
299b2 གཞན་ཡང་བློ་གྲོས་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་སྐྱེ་བ་མེད་པའི་རྟག་པ་ཡིན་ན་ནི་རི་བོང་དང་རྟ་ལ་སོགས་པའི་རྭ་དང་མཚུངས་ཤིང་སྐྱེ་བ་མེད་པའི་རྟག་པར་འགྱུར་བའི་ཕྱིར། བསྒྲུབས་པ་རྣམས་དོན་མེད་པར་འགྱུར
299b3 ཏེ། སྐྱེ་བ་མེད་པའི་རྟག་པའི་ཉེས་པར་འགྱུར་བས་ན། དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ནོ།། གཞན་ཡང་བློ་གྲོས་ཆེན་པོ་དངོས་པོ་གཞན་གྱིས་དེ་བཞིན་གཤེགས་པ་རྟག་པ་ཡིན་པར་ཤེས་པར་འགྱུར་བ་ཡང་ཡོད
299b4 རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བར་ཆད་མེད་པས་མངོན་པར་རྟོགས་པའི་ཡེ་ཤེས་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་རྟག་པའོ།། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ
299b5 མཐུར་ཡང་རུང་ཆོས་ཉིད་ནི་ངེས་པར་གནས་པ་ཉིད་དེ། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བར་ཆད་མེད་པའི་གནས་པ་ནི་ནམ་མཁའ་ལ་མི་གནས་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས
299b6 ཁོང་དུ་ཆུད་པར་བྱ་བ་ཡང་མ་ཡིན་ནོ། ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་ནི་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་ཡིན་གྱི། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་སེམས་དང
299b7 ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཕུང་པོ་དང་།། ཁམས་དང་། སྐྱེ་མཆེད་དེ་དག་གིས་ཡོངས་སུ་བསྒོས་པ་མ་ཡིན་ནོ།། བློ་གྲོས་ཆེན་པོ་སྲིད་པ་གསུམ་པོ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ལས
299b8 བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ལས་བྱུང་བ་མ་ཡིན་ནོ།། བློ་གྲོས་ཆེན་པོ་ཆོས་གཉིས་ཡོད་པར་གྱུར་པའི་ཕྱིར་རྟག་པ་དང་མི་རྟག་པ་ཡོད་པར་འགྱུར་གྱི་གཉིས
iiif viewer powered by OpenSeadragon
299a - 300a