| | e-texts navigator
|
296a1 པོ་མ་ངེས་པའི་ཕྱིར་སྲིད་པ་གསུམ་སེམས་ཙམ་དུ་བསྟན་གྱི། མཚན་ཉིད་སྣ་ཚོགས་དང་། སྐྱེ་བ་དང་། འཇིག་པ་ཡོད་པར་ནི་མ་བསྟན་ཏོ།། འབྱུང་བ་ཆེན་པོ་འདུས་པའི་བྱེ་བྲག་དང་། འབྱུང་བ་དང་། འབྱུང་བ
296a2 ལས་གྱུར་པའི་ཕྱིར་རྣམ་པ་གཉིས་ཀྱི་དངོས་པོ་གཟུང་བ་དང་། འཛིན་པར་རྣམ་པར་རྟོག་པར་གྱུར་པ་དང་། རྣམ་པར་རྟོག་པ་གཉིས་ཡོངས་སུ་ཤེས་པ་དང་། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་གཉིས་དང་བྲལ
296a3 བ་དང་། ། རང་གི་སེམས་སྣང་བ་ཙམ་དུ་ལོང་དུ་ཆུད་ཅིང་རྣམ་པར་རྟོག་པའི་བསམ་པའི་མངོན་པར་འདུ་བྱེད་པ་ལས་སྐྱེའི། མངོན་པར་འདུས་མ་བྱས་པ་ནི་མ་ཡིན་ནོ།། ཞེས་སེམས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ
296a4 དང་བྲལ་བས་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པ་མཆོག་གི་ཆོས་ཐམས་ཅད་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཉིད་ཀྱང་མ་ཡིན་ནོ།། རང་གི་སེམས་སྣང་པོ་ཙམ་དུ་ཁོང་དུ
296a5 མ་ཆུད་པས་མཐའ་གཉིས་ཀྱི་ལྟ་བ་ངན་པའི་རྒྱུན་དུ་ལྷུང་བར་འགྱུར་ཏེ། མུ་སྟེགས་ཅན་ཐམས་ཅད་ཀྱིས་རང་གི་རྣམ་པར་རྟོག་པའི་ཁོང་དུ་མི་ཆུད་དོ།། སོ་སོའི་སྐྱེ་བོ་དེ་དག་ལ་གཞི་ཅི་ཡང་མེད་པས་འདི་ལྟར་འཇིག
296a6 དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པ་མཆོག་གི་ཆོས་ཚིག་གི་རྣམ་པར་རྟོག་པ་ལས་སྐྱེ་བར་བྱིས་པ་སོ་སོའི་ཕྱི་རྣམས་ཀྱིས་ཁོང་དུ་ཆུད་པ་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས
296a7 དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དང་པོ་བརྩམས་ནས་རབ་སྤངས་ཤིང་།། དབྱིབས་དང་རྣམ་པ་གཞན་འགྱུར་དང་། དངོས་པོ་གཟུགས་ནི་མི་རྟག་པ།། མུ་སྟེགས་བླུན་པོས་རྟོག་པར་བྱེད།།
296a8 དངས་པ་རྣམས་པ་འཇིག་པ་མེད།། འབྱུང་བ་འབྱུང་བའི་རང་བཞིན་གནས།། མུ་སྟེགས་མི་རྟག་འདུ་ཤེས་པ། ལྟ་བ་སྣ་ཆགས་བྱིང་བར་འགྱུར། མུ་སྟེགས་ཅན་ནི་དེ་དག་ལ། སྐྱེ་དང་འཇིག་པ་གང་ཡང་མེད།། འབྱུང་བ
iiif viewer powered by OpenSeadragon
295b - 296b