e-texts navigator
Collection
Volume
Page
Wylie

293b1 གང་ཡང་དམིགས་པར་མི་འགྱུར་རོ།། ཀུན་རྫོབ་ཙམ་དུ་གྲངས་ཡོད་པས།། ཕན་དྲན་དུ་ནི་འབྲེལ་བར་བྱེད།། རྒྱུ་ཅན་འབྲེལ་ལས་ལོགས་ཤིག་ན།། སྐྱེ་བ་ཛིན་ནི་མ་རིགས་སོ།། སྐྱེ་བ་མེད་པས་དངོས་མི་འགྱུར།། མུ་སྟེགས་ཅན་གྱི་བྱོན
293b2 རྣམས་སྤངས། རྐྱེན་གྱི་འབྲེལ་བ་ཙམ་པཤད་དེ།། བྱིས་པ་རྣམས་ཀྱིས་མི་རིག་གོ།། རྐྱེན་གྱི་འབྲེལ་ལས་ལོགས་ཤིག་ན།། དངོས་པོ་སྐྱེ་བ་ཡོད་ཅེས་པ།། ད་ནི་རྒྱུ་མེད་སྨྲབ་སྟེ།། འབྲེལ་བའི་དོན་ནི་འཇིག་པར་བྱེད།། མར་མེའི་གཟུགས
293b3 རྣམས་སྡང་བྱེད་ལྟར། ། འབྲེལ་བ་སྣང་བ་འང་བཞིན་ན།། དེ་ནི་འབྲེལ་ལས་ལོགས་ཤིག་ན།། དངོས་པོ་རྣམས་ནི་ཡོད་པའི་རིགས།། དངོས་པོ་མེད་པ་སྐྱེ་མེད་པས།། ནམ་མཁའི་རང་བཞིན་ལྟ་བུའོ།། འབྲེལ་བ་དག་ལས་ལོག་གྱུར་ན།
293b4 བློ་ཡིས་རྟོག་པར་བྱ་བ་མེད།། གཞན་ཡང་སྐྱེ་བ་མེད་ཡོད་དེ།། འཕགས་པས་ཐོབ་པའི་ཆོས་ཉིད་དོ།། གང་དེའི་སྐྱེ་བ་མི་འབྱུང་བ།། དེ་ནི་མི་སྐྱེ་བཟོད་པ་ཡིན།། ནམ་ཞིག་འཇིག་རྟེན་འདི་དག་ཀུན།། འབྲེལ་པ་ཙམ་དུ་རབ་རྟོག་ན།
293b5 ཐམས་ཅད་འབྲེལ་བ་ཡོངས་སྤངས་ནས།། དེ་ནས་ཏིང་འཛིན་འཐོབ་པར་འགྱུར།། མི་ཤེས་སྲེད་པ་ལས་ལ་སོགས།། དེ་ནི་ནང་གི་འབྲེལ་བ་ཡིན།། མི་ཤེས་འཇིམ་གོང་འཁོར་ལོ་དང་།། ས་བོན་ལ་སོགས་ཕྱི་རོལ་ཡིན།། གལ
293b6 དངོས་པོ་གཞན་ཡོད་དེ། ། རྒྱུ་དང་རྐྱེན་ལས་སྐྱེ་ཞེ་ན། དེ་ནི་འབྲེལ་བའི་དོན་མིན་པས།། དེ་ཡང་འགྲུབ་པར་མི་འགྱུར་རོ།། གལ་ཏེ་སྐྱེ་བ་རང་བཞིན་མེད།། དེ་ནི་སུ་ཡི་འབྲེལ་བར་འགྱུར།། ཕན་ཚུན་དུ་ནི་བསྐྱེད་པའི་ཕྱིར།། རྒྱུ་རྐྱེན་དོན
293b7 ང་ཤེས་པར་བྱ། ། སྲག་ཤེར་དྲོད་དང་གཡོ་བའི་ཆོས།། བྱིས་པས་རྣམ་པར་བརྟགས་པ་སྟེ།། གྲངས་ལས་མ་གཏོགས་ཆོས་གཞན་མེད།། དེའི་ཕྱིར་དངོས་པོ་མེད་པར་བཤད།། སྨན་པས་ནད་རྣམས་གསོབ་དག། བསྟན་བཅོམ
293b8 ཐ་དད་མེད་ཀྱང་ནི། ། ནད་ནི་ཐ་དང་བྱེ་བྲག་གི། གཉེན་པོ་སྣ་ཚོགས་བཤད་པ་ལྟར།། ང་ཡང་སེམས་ཅན་དེ་དག་གིས།། ཉོན་མོངས་ནད་རྣམས་གཞིག་པའི་ཕྱིར།། དབང་པོ་དག་ནི་རབ་ཤེས་ནས།། དེ་ལ་སྒྲོལ་བའི་སྒོ་བཤད




iiif viewer powered by OpenSeadragon

293a - 294a

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u