| | e-texts navigator
|
293a1 ན། ། ཆོས་ཀྱི་ཚུལ་ནི་རྒྱུན་མི་འཆད།། ཟླ་མེད་རབ་དུ་སྨྲ་བ་ནི།། འཇིགས་པའི་མུ་སྟེགས་ཅན་རྣམས་ཏེ། ཇི་ལྟར་ཅི་ཡི་ཕྱིར་ན་ནི།། དེ་ཡང་ཅི་ཕྱིར་སྐྱེ་བར་འགྱུར།། གང་དག་ནིའི་དུས་གྱུར་ན།། མུ་མེད་པར་ནི་སྨྲ་བ་བྱེད།། འདྲས
293a2 བྱས་ཆོས་རྣམས་རབ་བཏགས་ན། ། རྒྱུ་མེད་རྒྱུ་ཡོད་མ་ཡིན་ཏེ།། སྐྱེ་དང་འཇིག་པར་སྨྲ་བ་ཡི།། བདག་ནི་དེ་ནས་ལྡོག། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། ཅི་ཡི་སླད་དུ་སྐྱེ་མ་མཆིས།
293a3 འོན་ཏེ་དངོས་པོ་མ་མཆིས་སམ།། དེ་སྟེ་རྐྱེན་ལ་བཏགས་པ་འམ།། ཆོས་མཆིས་མི་སྐྱེ་ཞེས་བགྱིའམ།། མིང་ནི་དོན་མ་མཆིས་མི་རིགས།། རྣམ་པར་དབྱེ་ཞིང་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་པ
293a4 སྦལ་པ། དངོས་མེད་མི་སྐྱེ་མ་ཡིན་ཏེ།། རྐྱེན་ལ་བཏགས་པའང་མ་ཡིན་ནོ།། དངོས་པོ་ཡོད་པས་མིང་ཡོད་མིན།། མིང་ལ་དོན་མེད་པ་ཡང་མིན།། མུ་སྟེགས་ཅན་ནི་ཐམས་ཅད་དང་། ཉན་ཐོས་དང་ནི་རང་རྒྱལ་དང་།། ས་བདུན་སྤྱོད
293a5 ཡུལ་མ་ཡིན་པ། ། དེ་ནི་མི་སྐྱེ་མཚན་ཉིད་དོ།། རྒྱུ་དང་རྐྱེན་རྣམས་ཡོངས་སྤངས་ཤིང་། བྱ་བ་ཐམས་ཅད་ཡོངས་བྲལ་ཏེ།། ཤིན་ཏུ་ཕྲ་བའི་སེམས་ཙམ་གནས།། མཚན་ཉིད་མཚན་གཞི་ཉིད་སྤངས་ནས། དེ་ལུས་རབ་ཏུ་གྱུར་པ་ནི།
293a6 བ་མེད་པ་རངས་པ་གད་དོ།། ཕྱི་རོལ་དངོས་པོ་དངོས་མེད་མིན།། སེམས་ཅན་ཡོངས་སུ་བཟུང་བ་མེད།། ལྟ་བ་ཐམས་ཅད་རབ་སྤངས་པ།། སྐྱེ་བ་མེད་པར་ངས་བཤད་དོ།། འདི་ལྟར་རང་བཞིན་མེད་པ་དང་། སྟོང་པ་ལ་སོགས་དབྱེ་བར་བྱ།།
293a7 སྟོང་ཕྱིར་སྟོང་ཞེས་བཤད་པ་མིན།། སྐྱེ་བ་མེད་ཕྱིར་སྟོང་ཞེས་བཤད།། རྒྱུ་རྐྱེན་གྲངས་ནི་འདུས་པ་ལས།། སྐྱེ་དང་འཇིག་པ་ཡོད་པར་གྱུར།། རྒྱུ་རྐྱེན་གྲངས་ལས་ལོགས་ཤིག་ན།། སྐྱེ་བ་དང་ནི་འཇིག་པ་མེད།། རྒྱུ་རྐྱེན་གྲངས
293a8 ལས་ལོགས་ཤིག་ན། ། དངོས་པོ་ཐ་དད་ཡོད་མ་ཡིན།། གཅིག་དང་ཐ་དད་ཅེས་བྱ་བ།། མུ་སྟེགས་རྣམ་པར་རྟོག་པ་ཡིན།། ཡོད་མེད་དངོས་པོ་མི་སྐྱེ་སྟེ།། ཡོད་པ་མ་ཡིན་མེད་པའང་མིན།། གྲངས་འགྱུར་བ་ནི་མ་གཏོགས་པར།།
iiif viewer powered by OpenSeadragon
292b - 293b