| | e-texts navigator
|
289b1 ཅིང་དོན་ལ་སྐྱེ་བ་དང་། འགག་པ་མེད་པར་མི་རིག་གོ།། བློ་གྲོས་ཆེན་པོ་སྒྲ་ཐམས་ཅད་ནི་ཡི་གེར་ལྡང་བའོ།། དོན་ནི་མ་ལྡང་བ་སྟེ། དངོས་པོ་དང་དངོས་པོ་མེད་པར་སྤང་བའི་ཕྱིར་དང་། སྐྱེ་བ་ལེན་པ་མེད་ཅིང་ལུས་མེད་པའི་ཕྱིར
289b2 པོ་ཁྲོ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་ཡི་གེར་ལྷུང་བའི་ཆོས་མི་སྟོན་ཏེ། ཡི་གེ་རྣམས་ཀྱི་ཡོད་པ་དང་མེད་པ་མི་དམིགས་པའི་ཕྱིར་གཞན་དུ་ན་ཡི་གེར་མ་ལྡང་བས་ཆོས་སྟོན་ཏོ།། བློ་གྲོས་ཆེན་པོ་གལ་ཏེ་ཁ་ཅིག་འང
289b3 སྐད་དུ་དེ་བཞིན་གཤེགས་པ་ནི་ཡི་གེར་ལྷུང་བའི་ཆོས་མི་སྟོན་ཏོ་ཞེས་ཟེར་ན། དེ་ནི་བརྫུན་དུ་སྨྲ་བ་སྟེ། ཆོས་ཉིད་ནི་ཡི་གེ་དང་། བྲལ་བའི་ཕྱིར་རོ།། དེ་ལྟ་བས་ན་བློ་གྲོས་ཆེན་པོ་ང་ལ་སོགས་པ་སངས་རྒྱས་དང་། བྱང་ཆུབ་སེམ
289b4 དཔའ་རྣམས་ནི་ཡི་གེ་གཅིག་ཀྱང་མ་བཤད་འཆད་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཡི་གེ་དང་བྲལ་བའི་ཕྱིར་རོ།། དོན་དང་མི་ལྡན་པར་འཆད་པ་མ་ཡིན་ཏེ། བརྗོད་པ་ནི་སེམས་ཅན་གྱི་རྣམ་པར་རྟོག་པ
289b5 ཡིད་པའི་ཕྱིར་རོ། ། བློ་གྲོས་ཆེན་པོ་གལ་ཏེ་ཆོས་ཐམས་ཅད་མ་བཤད་ན་ནི་བསྟན་པའི་ཆོས་རྣམས་འཇིག་པར་འགྱུར་རོ།། བསྟན་པའི་ཆོས་ཞིག་ན་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་།
289b6 ཉན་ཐོས་རྣམས་ཀྱང་མེད་པར་འགྱུར་རོ།། དེ་དག་མེད་ན་ནི་གང་ཞིག་སུལ་ཅི་ཞིག་བཤད་དེ་དེ་ལྟ་བས་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་པ་བརྗོད་པའི་སྒྲ་ལ་མངོན་པར་ཆགས་པར
289b7 བསམ་པ་དེ་ལྟ་བ་བཞིན་དུ་མདོ་སྡེའི་ཆོས་རྣམས་རྒྱ་ཆེར་བཤད་པར་བྱའོ། ། འདི་ལྟར་སེམས་ཅན་རྣམས་ཀྱི་རེ་བ་དང་། ཉོན་མོངས་པ་ནི་གཅིག་པ་མ་ཡིན་པའི་བྱང་དང་སངས་རྒྱས་གཞན་རྣམས་ཀྱིས་མོས་པ་ཐ་དད་པ
289b8 ཚོགས་ཀྱི་སེམས་ཅན་རྣམས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་ཆོས་བསྟན་པར་བྱ་བ་ཡིན་གྱིས། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་གནས་ཐོབ་པ་ལ་ནི་མ་ཡིན་ནོ།། བློ་གྲོ
iiif viewer powered by OpenSeadragon
289a - 290a