e-texts navigator
Collection
Volume
Page
Wylie

226b1 ཉིད་ཀྱི་སྟོབས་ཀྱི་ཕྱིར་རྟག་པ་མ་ཡིན་ནོ། ། གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ཀྱི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ནི་བྱས་པའི་དངོས་པོ་དངོས་པོ་མེད་པས་མི་རྟག་པ་ཉིད་དུ་མཐོང་ནས་རྟག་པ་ཡིན་ནོ།།
226b2 སྙམ་དུ་རྟོག་གོ།། བློ་གྲོས་ཆེན་པོར་ཡང་དེ་བཞིན་དུ་རྒྱུ་དང་རྐྱེན་གྱིས་བྱས་པའི་དངོས་པོ་དངོས་པོ་མེད་པས་མི་རྟག་པ་ཉིད་དུ་མཐོང་ནས་སོ་སོ་རང་གིས་དག་པའི་འཕགས་པའི་ཡེ་ཤེས་ཀྱིས་དེ་ལ་རྟག་པའི་བླ་མེད་པར་སྟོར་ཏོ།།
226b3 བློ་གྲོས་ཆེན་པོ་གལ་ཏེ་ཡང་མུ་སྟེགས་ཅན་རྣམས་ཀྱི་རྒྱུའི་མཚན་ཉིད་དུ་གྲུབ་པ་ཞིག་ཡིན་ན་ནི། རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱུའི་རང་གི་མཚན་ཉིད་ཀྱི་དངོས་པོ་དངོས་པོ་མེད་པས་རི་བོང་གི་དྲི་རང་མཚུངས་ཤིང
226b4 རྟག་པ་དང་། བསམ་གྱིས་མི་ཁྱབ་པ་དེ་ནི་ཚིག་གི་རྣམ་པར་རྟོག་པ་ཙམ་དུ་འགྱུར་ཏེ། མུ་སྟེགས་ཅན་རྣམས་ལ་ཉེས་པ་དེ་ལྟ་བུ་དག་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཚིག་རྣམ་པར་རྟོག་པ་ཡང་རི་བོང་དག་རྭ་དང་འདྲ
226b5 བས་རང་གི་ཆུའི་མཚན་ཉིད་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ། ། བློ་གྲོས་ཆེན་པོ་ངའི་རྟག་པ་དང་། བསམ་གྱིས་མི་ཁྱབ་པའི་རྒྱུ་ནི་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་མཚན་ཉིད་ཕྱིར་བྱས་པའི་དངོས་པོ
226b6 དང་། དངོས་པོ་མེད་པ་རྣམ་པར་སྤངས་པས་རྟག་པ་ཡིན་གྱི་ཕྱི་རོལ་གྱི་དངོས་པོ་རྣམས་དངོས་པོ་མེད་ཅིང་མི་རྟག་པར་གྱུར་ནས་རྗེས་སུ་དཔག་པས་རྟག་པ་ཉིད་དུ་བརྟགས་པ་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་གལ་ཏེ་ཡང་ཕྱི་རོལ
226b7 ཀྱི་དངོས་པོ་རྣམས་དངོས་པོ་མེད་ཅིང་མི་རྟག་པ་ལས་རྗེས་སུ་དཔག་པས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཉིད་དུ་རྟོག་པར་བྱེད་ན། བསམ་གྱིས་མི་ཁྱབ་པའི་རང་གི་རྒྱུའི་མཚན་ཉིད་མི་ཤེས་སོ།། བློ་གྲོས་ཆེན་པོ་དེ་དག་ནི
226b8 སོ་སོ་རང་གིས་རིག་པའི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་སྤྱོད་ཡུལ་ལས་ཤིན་ཏུ་ཐག་རིང་པོར་གྱུར་པ་སྟེ། དེ་དག་ལ་བཤད་པར་མི་བྱའོ།། གཞན་ཡང་བློ་གྲོས་ཆེན་པོ་འཁོར་བའི་རྣམ་པར་རྟོག་པའི་སྡུག་བསྔལ་གྱི




iiif viewer powered by OpenSeadragon

226a - 227a

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u