e-texts navigator
Collection
Volume
Page
Wylie

223a1 པར་ཞེན་པ་ནམ་མཁའི་ཆ་རིས་ལགས་པར་ཁོང་དུ་མ་ཆུད་པ་རྣམས་འདི་སྐད་དུ། ནམ་མཁའ་ནི་གཟུགས་དང་བྲལ་བའོ་ཞེས་ཆ་རིས་སུ་ལྟ་བའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དེ།། གྲོས་ཆེན་པོ་ན་མཁའ
223a2 གཟུགས་ཡིན་ཏེ། གཟུགས་ཀྱི་འབྱུང་བའི་རྗེས་སུ་ཞུགས་པའོ།། བློ་མོས་ཆེན་པོ་གཟུགས་ནི་ནམ་མཁའི་འཛིན་པ་དང་། འཛིན་པར་བྱ་བའི་གནས་ཀྱིས་རྣམ་པར་གཞག་པའི་དངོས་པོར་གཟུགས་དང་། ནམ་མཁའི་དངོས
223a3 པོ་རབ་ཏུ་འབྱེད་པར་ཤེས་པར་བྱའོ། ། བློ་གྲོས་ཆེན་པོ་འབྱུང་བ་ཆེན་པོ་རྣམས་སྐྱེབ་ན་རང་གི་མཚན་ཉིད་སོ་སོ་ཟ་དད་ཏེ། ནམ་མཁའ་ལ་ཡང་མི་གནས་སོ།། དེ་དག་ལ་ནམ་མཁའ་མེད་པ་ཡང་མ་ཡིན་ནོ།། དེ་བཞིན་དུ་བློ་གྲོས
223a4 ཆེན་པོ་བ་ལོང་གི་རྭ་ཡོད་པ་ལ་ལྟོས་པའི་ཕྱིར་རི་བོང་གི་རྭ་མེད་པ་ཡིན་ཏེ། བློ་གྲོས་ཆེན་པོ་བ་ལང་གི་རྭ་ཡང་རྡུལ་ཕྲ་མོར་རྣམ་པར་ཕྱེ་སྟེ། རྡུལ་ཕྲ་མོ་ཡང་རབ་ཏུ་བཤིག་ན་སྐད་ཅིག་ཙམ་དུ་ཡང་མི་གནས་ན་དེ་ཅི་ལམ
223a5 ལྟོས་ཏེ་མེད་ཅེས་བརྗོད། གལ་ཏེ་གཞན་ལས་ལྟོས་པའི་རྫས་ཤིག་གོ་ཞེས་ན། དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེ
223a6 བཀའ་སྩལ་ཏོ། ། བློ་གྲོས་ཆེན་པོ་རི་བོང་གི་རྭ་དང་བ་ལང་གི་རྭ་དང་། ནམ་མཁའ་དང་། དབྱིབས་དང་། གཟུགས་ཐ་དད་པར་ལྟ་བའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་ནས། ཁྱོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས
223a7 དཔའ་ཆེན་པོ་རྣམས་ཀྱི་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ཡིད་ལ་སེམས་ཤིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པ་དང་། རྒྱལ་བའི་སྲས་རྣམས་ལ་རང་གི་སེམས་སྣང་བ་ལ་རབ་ཏུ་རྟོག་པའི་སྦྱོར་བ་བསྟན
223a8 བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་འདི་དག་གསུངས་སོ།། གཟུགས་སོགས་སེམས་ནི་མེད་པ་དང་།། གཟུགས་སོགས་སེམས་ནི་རབ་འཕེལ་དང་། ལུས་དང་ལོང




iiif viewer powered by OpenSeadragon

222b - 223b

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u