| | e-texts navigator
|
221a1 དང་། འཛིན་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་པས་འདུ་བ་དང་། འདུ་འཛི་དང་།། གཉིད་ཡོངས་སུ་སྤང་བར་བྱའོ།། སྲོད་དང་། ཐོ་རངས་དང་། ནམ་གྱི་གུང་ཐུན་ལ་བདག་ཉིད་འདྲན
221a2 པ་དང་ལྡན་ཞིང་མི་ཉལ་བར་སྦྱོར་བ་ལ་རབ་ཏུ་བརྩོན་པར་བྱའོ། ། ལྟ་བ་ངན་པ་རྣམས་ཀྱི་བསྟན་བཅོས་དང་།། གཏམ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐོག་མའི་མཚན་མ་ཡོངས་སུ་སྤང་བར་བྱའོ།། རང་གི་སེམས་སྡང
221a3 བའི་རྣམ་པར་རྟོག་པའི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པར་བྱའོ། ། གཞན་ཡང་བློ་གྲོས་ཆེན་པོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡེ་ཤེས་དང་། ཤེས་རབ་ཀྱི་མཚན་ཉིད་དགོད་པ་ལ་གནས་ནས། གོང
221a4 འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་རབ་ཏུ་བརྩོན་པས་བསྒྲུབ་པར་བྱའོ། ། གོང་དུ་བརྩོན་ཞིང་བསླབ་པར་བྱ་བའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་པོ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྣང་བ་མེད་པའི་མཚན་ཉིད་དང་།
221a5 སངས་རྒྱས་ཐམས་ཅད་ཀྱི་རང་གི་སྨོན་ལམ་གྱི་གནས་ཀྱི་མཚན་ཉིད་དང་། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མཐར་ཐུག་པའི་མཚན་ཉིད་དེ། རྣལ་འབྱོར་པས་དེ་དག་ཁོང་དུ་ཆུད་པས་བོར་བུ་ཐེང་བོ་ལྟ་བུ
221a6 སེམས་དང་། ཤེས་རབ་དང་། ཡེ་ཤེས་ཀྱི་མཚན་ཉིད་སྤངས་ཏེ། རྒྱལ་བའི་སྲས་ཀྱིས་བརྒྱད་པ་ཐོབ་ནས། དེའི་གོང་དུ་མཚན་ཉིད་གསུམ་ལ་རབ་དུ་བརྩོན་པར་བྱེད་དོ།། དེ་ལ་བློ་གྲོས་ཆེན་པོ་སྣང་བ་མེད་པའི་མཚན་ཉིད
221a7 འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཀྱི་མཚན་ཉིད་དེ་དག་ཡོངས་སུ་འདྲིས་པ་ལས་བྱའོ།། བློ་གྲོས་ཆེན་པོ་རང་གི་སྨོན་ལམ་གྱི་གནས་ཀྱི་མཚན་ཉིད་ནི་འདི་སྟེ། སྔོན་གྱི་སངས་རྒྱས
221a8 རྣམས་ཀྱི་རང་གི་སྨོན་ལམ་གྱི་གནས་ལ་མངོན་པར་བརྩོན་པ་ལས་འབྱུང་ངོ་། ། བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མཐར་ཐུག་པའི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་མ་ཉིད་ལ
iiif viewer powered by OpenSeadragon
220b - 221b