e-texts navigator
Collection
Volume
Page
Wylie

218a1 འཇུག་པའི་སྤྲུལ་པ་མངོན་པར་ཤེས་པ་དང་། དབང་དང་།། སྙིང་རྗེ་དང་། ཐབས་ཀྱིས་རབ་ཏུ་བརྒྱན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཅིག་ཆར་འཇུག་པ། མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་བ
218a2 སེཔས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། བྲལ་བས་བྱང་ཆུབ་སེམས་དཔའ་དེ་གནས་གྱུར་པའི་རིམ་གྱིས་དེ་བཞིན་གཤེགས་པའི་སྐུ་འཐོབ་པར་འགྱུར་རོ།། བློ་གྲོས་ཆེན་པོ་དེ་བས་ན་དེ་བཞིན་གཤེགས་པའི་རྗེས་སུ་འཇུག
218a3 པའི་སྐུ་འཐོབ་དང་འདོད་པ་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། སེམས་དང་། རྒྱུ་དང་། རྐྱེན་དང་། བྱ་བ་དང་། སྦྱོར་བ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། རྣམ་པར་རྟོག་པའི་སྤྲོས་པ་རྣམས་ཡོངས་སུ་སྤངས
218a4 པར་བྱའོ། ། སེམས་ཙམ་གྱིས་དྲང་པོར་རྩོལ་བས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་ཉེས་པ་ལ་སོ་སོར་རྟོག་ཅིང་། རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་དང་། སྲིད་པ་གསུམ་པོ་དག་སྣང་བ་མེད་པ་དང་། སངས་རྒྱས་ཀྱིས་སྐྱེ་བ་མེད
218a5 པར་འཇལ་བས་རང་གིས་རིག་པ་འབགས་པའི་བགྲོད་པར་ཕྱིན་པ། རང་གི་སེམས་ལ་དབང་སྒྱུར་ཞིང་རྩོལ་བ་མེད་པའི་སྤྱོད་པ་རྟོགས་པར་ཁོང་དུ་ཆུད་པ། གཟུགས་སྣ་ཚོགས་ཀྱི་རྗེས་སུ་འཇུག་པའི་ནོར་བུ་དང་མཚུངས་པ། སེམས
218a6 ཅན་གྱི་སེམས་དཤིན་དུ་ཕྲ་བའི་རྗེས་སུ་འཇུག་ཅིང་སྤྲུལ་པའི་ལུས་ཀྱིས་སེམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་དགྲོལ་བར་བྱེད་པས་ས་རྣམས་རིམ་གྱིས་མཚམས་སྦྱོར་བ་རྣམ་པར་གཞག་པར་འགྱུར་རོ། ། དེ་ལྟ་བས་ན
218a7 བློ་གྲོས་ཆེན་པོ་རང་གི་གྲུབ་པའི་ཐབས་ལ་མཁས་པ་རབ་དུ་བསྒྲུབ་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་དང་། ཡིད་དང་།
218a8 རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་གྱི་མཚན་ཉིད་བཤད་དུ་གསོལ། འདི་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བགྲོད་པར་བགྱི་བ།། རང་གི་སེམས་ཀྱིས་མཐོང་བ་ལ་སོགས་པས




iiif viewer powered by OpenSeadragon

217b - 218b

Texts on this page

Q776 - 'phags pa lang kar gshegs pa rin po che'i mdo las sangs rgyas thams cad kyi gsung gi snying po zhes bya ba'i le'u