| | e-texts navigator
|
215b1 བསམ་གྱིས་མི་ཁྱབ་པའི་བག་ཆགས་ཡོངས་སུ་བསྒོས་པ་དང་། བསམ་གྱིས་མི་ཁྱབ་པའི་ཡོངས་སུ་འགྱུར་བ་ནི་སྣང་བའི་རྣམ་པར་ཤེས་པའི་རྒྱུའོ།། བློ་གྲོས་ཆེན་པོ་ཡུལ་སྣ་ཚོགས་ལེན་པ་དང་། ཐོག་མ་མེད་པའི་དུས་ཀྱི
215b2 རྣམ་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་རྒྱུའོ། ། བློ་གྲོས་ཆེན་པོ་ཡང་དག་པའི་རྣམ་པར་ཤེས་པ་དེ་ལ་སྒྲིབ་པར་བྱེད་པ་ཡང་དག་པ་མ་ཡིན་པ་སྣ་ཚོགས་དང་། སྤོས
215b3 པ་རྣམས་འགགས་པས་དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་འགགས་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་མཚན་ཉིད་འགག་པ་ཞེས་བྱའོ།། བློ་གྲོས་ཆེན་པོ་དེ་ལ་རྒྱུན་འགག་པ་ནི་མཚམས
215b4 སྦྱོར་བའི་རྒྱུ་འགགས་ན། རྒྱན་འགགས་པར་འགྱུར་ཏེ། གང་ལས་འབྱུང་བ་འགགས་པ་དང་། གང་ལ་དམིགས་པར་བྱ་བ་འགགས་ན་དེས་རྒྱན་འགགས་པར་འགྱུར་རོ།། བློ་གྲོས་ཆེན་པོ་དེ་ཅིའི་ཕྱིར
215b5 ཞེ། ། དེའི་གནས་ཡིན་པའི་ཕྱིར་རོ།། དེ་ལ་གནས་ཤེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པས་ཡོངས་སུ་བསྒོས་པའོ།། དམིགས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྩཝ་རང་གི་སེམས་སྣང་བ་ལ་རྣམ
215b6 པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ། ། བློ་གྲོས་ཆེན་པོ་དཔེར་ན་འཇམ་པའི་གོང་བུ་དང་། རྡུལ་ཕྲ་རབ་ནི་ཐ་དད་པ་ཡང་མ་ཡིན།། ཐ་མི་དད་པ་ཡང་མ་ཡིན་ནོ།། གསེར་དང་། རྒྱན་ཡང་དེ་བཞིན་ཏེ
215b7 བློ་གྲོས་ཆེན་པོ་གལ་ཏེ་འཇིམ་པའི་གོང་བུ་དང་། རྡུལ་ཕྲ་རབ་གཉིས་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན།། དེ་ནི་ཡང་དག་པར་དེ་དག་ལས་བརྩམས་པས་ན་དེའི་ཕྱིར་ཐ་དད་པ་མ་ཡིན
215b8 རོ། ། ཅི་སྟེ་ཐ་མི་དད་ད་ན་འཇམ་པའི་གོང་བ་དང་། རྡུལ་ཕྲ་རབ་བྱེ་བྲག་མེད་པར་འགྱུར་རོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ཡང་དག་པའི་མཚན་ཉིད་དང་གལ་ཏེ
iiif viewer powered by OpenSeadragon
215a - 216a