e-texts navigator
Collection
Volume
Page
Wylie

313a1 བ་ལ་རྒྱབ་ཀྱིས་ཕྱོགས་སོ། ། དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བ་ཞིག་ཁྱིམ་བདག་དེ་ལ་སྙིང་བརྩེ་བའི་ཕྱིར་ཡང་དང་ཡང་དུ་རྒྱུན་མི་འཆད་པར་ཁྱིམ་བདག་དེའི་ཁྱིམ་དུ་འགྲོའོ།། རེ་ཤིག
313a2 ན་དུས་ཀྱི་མཐུས་ཁྱིམ་བདག་དེ་དགེ་སློང་དེ་ལ་རྗེ་སུ་ཆགས་པ་དང་བཅས་པའི་སེམས་སུ་གྱུར་ནས། རེ་ཤིག་ན་ཁྱིམ་བདག་དེས་ལེགས་པར་བྱ་བའི་ལས་ཀྱི་འབྲས་བུ་དྲིས་སོ།། དེ་ནས་དགེ་སློང་དེས་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར
313a3 དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཁྱིམ་བདག་དེ་ལ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་ཏེ
313a4 ཁྱིམ་བདག་དཀྱིལ་འཁོར་བརྒྱད་ཅེས་བྱ་བ་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ།། དེས་འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། གང་དང་གང་དུ་སྐྱེས་པར་ཚེས་དང་ལྡན་པའི་སེམས་ཅན
313a5 རྣམས་དང་མི་འབྲལ་བར་འགྱུར། འཁོར་མང་པོ་དང་ལུས་ཕུན་སུམ་ཚོགས་ནས་གཟུགས་བཟང་པོ་ཉིད་ཐོབ་པར་འགྱུར། ཡོ་བྱད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། བརྩལ་མི་དགོས་པར་ཡོ་བྱད་རྣམས་འབྱོར་བར་འགྱུར།
313a6 ལུས་སྲ་ཞིང་བསྟན་ལ་ལུས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞིང་། དེ་ལ་རིརིང་བརྩིགས་པ་རྣམས་ཀྱང་སྒྲིབ་པ་མི་བྱེད་དེ། ཕུན་སུམ་ཚོགས་པ་བཞི་པོ་དེ་དག་འཐོབ་པར་འགྱུར།། དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུལ་ཡིད་རངས
313a7 བར་གྱུར་ནས་དགེ་སློང་དེའི་ནང་བ་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་སྨྲས་སོ།། འཕགས་པ་དཀྱིལ་འཁོར་བརྒྱད་སྟོན་ཅིག་དང་། དེས་བདག་ལ་མངོན་སུམ་དུ་འགྱུར་རོ།། དེ་ནས་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བས་ཁྱིམ
313a8 བདག་དེའི་བསམ་བཤེས་ནས་ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ་ཉོན་ཅིག་དང་བསྟན་པར་བྱའོ།། དེས་ན་ལྕི་བགསང་བསྲེས་པའི།། དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ།། སེམས་ཅན་ཀུན་དང་ཐུན་མོང་དུ།། འདས་པའི




iiif viewer powered by OpenSeadragon

312b - 313b

Texts on this page

Q773 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo