e-texts navigator
Collection
Volume
Page
Wylie

312b1 པུས་མོ་གཡས་པའི་ལྟེངས་ལ་བཙུགས་ནས་བཅོམ་ལྡན་འདས་གལ་བ་ད་ལོགས་སུ་ཐལ་མོ་སྦྱར་བ་བདུདབཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
312b2 བཅོམ་ལྡན་འདས་བདག་གིས་སངས་རྒྱས་འབྱུང་བ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ཞིག་འདས་ན་གང་གི་འཁོར་གྱི་དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཀྱི་ཅི་འདྲ་བ་མ་གྱུ་ལགས་སོ།།
312b3 བཅོམ་ལྡན་འདས་བདག་གི་ཞུ་བ་བསྟན་པ་འདིའི་ལན་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཐོས་ན་ཡང་དབུགས་ཕྱིན་པར་འགྱུར་ལགས་སོ།།
312b4 དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ཡང་དག་པར་གཟེང་སྟོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
312b5 རིགས་ཀྱི་བུ་ཉོན་གཅིག་དང་། དྲིས་པ་ལན་གདབ་པ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་དེས་སྔོན་སོ་སོའི་སྐྱེ་བོའི་དུས་ན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ
312b6 བྱས་པ་དེ་བསྟན་པར་བྱའོ། ། རིགས་ཀྱི་བུ་འདས་པའི་དུས་ན་སྔོན་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས
312b7 བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། དེའི་དུས་ན་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བྱིན་ཞེས་བྱ་བ་ཞིག་ཤིན་དུ་མ་དད་ཅིང་ཡིད་དུ་མི་འོང་བའི་ཆོས་ལྔ་དང་ལྡན་ཞིང་། ཆོས་འདུ




iiif viewer powered by OpenSeadragon

312a - 313a

Texts on this page

Q773 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo