| | e-texts navigator
|
311a1 ས་རས་དག་གང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བའི་ཉིན་ཞགཅིག་ས
311a2 ཀ་ཡེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོས་རབ་ཏུ་འདུལ་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ངུར་སྨྲིག་གི
311a3 རྒྱལ་མཚན་གྱི་ཉིན་ཞག་གཅིག་གོ། ། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་ངུར་སྨྲིག་གི་རྒྱལ་མཚན་གྱི་བསྐལ་པ་དེའི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་རྣམ་པར་གདོན་མི་ཆ
311a4 བར་པད་མོ་རབ་ཏུ་རྒྱས་པའི་སྐུའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་འཁོར་ལོ་དབྱངས་ཀྱི་ཉིན་ཞག་གཅིག་གོ། ། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི
311a5 འཁོར་ལོ་དབྱངས་ཀྱི་བསྐལ་འདེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་གྱི་ཞིང་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་ཉིན་ཞག་གཅིག་གོ། ། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན
311a6 ཀྱི་ཁམས་རྡུལ་དང་བྲལ་བའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མར་མེ་ལྡན་གྱི་ཉིན་ཞག་གཅིག་གོ། ཀྱེ་རྒྱལ་བའི་སྲས
311a7 ད་ཨག་གང་འཇིག་རྟེན་གྱི་ཁམས་མར་མེ་ལྡན་གྱི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་ཉིན་ཞག
311a8 གཅིག་གོ། ཀྱེ་རྒྱལ་བའི་སྲས་དག་གང་འཇིག་རྟེན་གྱི་ཁམས་འོད་བཟང་པོའི་བསྐལ་པ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་རབ་ཏུ་བརྒྱས་པའི་སྐུའི་སངས་རྒྱས་ཀྱི
iiif viewer powered by OpenSeadragon
310b - 311b