e-texts navigator
Collection
Volume
Page
Wylie

200a1 རྒྱ་གར་སྐད་དུ། ཤྩའི་དཏ་བྱེ་པ་ཏིའི་ཝ་ཙཱ་ནཱ་མ་མ་ཧཱ་ཡཱན་སུ་ཏྲ། བོད་སྐད་དུ། ལགས་རྩེ། དབས་བྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པའི་མདོ། གགསས་ཀྱུ་།
200a2 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བན་དགེ་སློང་སྟོང
200a3 ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་། དགྲ་བཅོམ་པ་ཟག་པ་ཟད་ཉོན་མོས་བ་ད། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས
200a4 བགླང་པོ་ཆེན་པོ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུང་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲེད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སམ
200a5 ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པ་མངོན་པར་ཤེས་པར་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ།། བྱང་ཆུབ་སེམས་དཔའ་ལྔ
200a6 བརྒྱ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ཆ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན། ཁྱིམ་བདག་དཔས་བྱིན་ཞེས་བྱ་བ་བྱུག་པ་ནོར་ཆེ་བ། བདག་དབང
200a7 མང་གནོར་དང་ཡོ་བྱད་མང་བ་ནོར་དང་འབྲུ་དང་མཛོད་དང་བང་བའི་ཚོགས་མང་བ། གླང་པོ་ཆེ་དང་རྟ་དང་། རྔ་མོ་དང་ར་ལུག་དང་པ་གླང་མང་བ། བྲན་པོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ།
200a8 དབྱིག་དང་གསེར་དང་། ནོར་བུ་དང་མུ་ཏིག་དང་བེ་རུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་མང་བཞིག་གནས་པ་དེ་ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་འདུས་ཏེ། འདུག་པར་གྱུར་ཏོ།།




iiif viewer powered by OpenSeadragon

199b - 200b

Texts on this page

Q760,28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo