e-texts navigator
Collection
Volume
Page
Wylie

199a1 བཞི་ལྷག་རྣམས་སུ་ཡང་། ། དེའི་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར།། དེ་ཚེ་དེའི་ཆོས་ཀྱི་ཚུལ་ནི་འཁྲུགས་པ་མེད།། དེས་པ་དེ་ཡིས་གང་དག་ཡོངས་སུ་སྨིན་བྱས་པ། དེ་དག་བྱང་ཆུབ་བླན་མེད།
199a2 པའི་དོན་དུ་སྤྱོད།། ཞིང་དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས།། དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན།། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་ལུང་བསྟན་པ་བཤད་མ་ཐག
199a3 དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང་། ཕྱེ་མ་དང་། གོས་དང་རྒྱན་གྱི་ཆར་ཡང་མངོན་པར་བབ་བོ།། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང
199a4 རང་རང་གི་གོས་རྣམས་རིགས་ཀྱི་བུ་ངེས་པ་ལ་བཀབ་བོ། ། ཚོང་དཔོན་དང་། ཁྱིམ་བདག་དང་། བྲམ་ཟེ་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ངེས་པས་འདི་སྐད་ཅེས་གསོལ་ཏོ།།
199a5 བདག་ཀྱང་ལེགས་པར་གསུང་བའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ངེས་པའི་མགོ་བོ་ལ་ཕྱག་གིས་བྱུགས་སོ།། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུངེས་པའི་མགོ།
199a6 པོབོཔོལ་རེག་པ་ཐག་དུ་གོས་ངུར་སྨྲིག་བགོས་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་སྙིགས་མ་ལྔ་པོ་དུས་ཀྱི
199a7 སྙིགས་པ་དང་། སེམས་ཅན་གྱི་སྙིགས་མ་དང་། ཞིང་གི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མའི་དུས་སུ། དབྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས།
199a8 དོར་ངེས་པས་ཇི་ལྟར་འདུལ་བ་ལས་རྣམ་པར་གཞན་གྱིས་གདུལ་བར་མི་བྱའོ།། ཀུན་དགའ་བོང་ནི་འཇིག་རྟེན་གྱི་ཁམས་མི་མཛོད་ཏུ་སངས་རྒྱས་ཀྱི་འདུལ་བས། སེམས་ཅན་རྣམས་འདུལ




iiif viewer powered by OpenSeadragon

198b - 199b

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo