e-texts navigator
Collection
Volume
Page
Wylie

198a1 བསྲུང་ཕྱི་རབ་ཏུ་བརྩོན་བྱེད་པ། ། ངེས་པ་ཡི་ནི་སྤྱོད་པའི་རྣམ་པ་གང་ཡིན་པ།། དེ་དག་འདིར་ནི་བགྲང་བར་ནུས་པར་མི་འགྱུར་རོ།། ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་སྐབས།། མངོན་པར
198a2 ཤེས་པ་དག་གིས་སྔོན་ཆད་བྱེ་བ་བྱས། ། ཚངས་པའི་གནས་རྣམས་ཀྱིས་ནི་མཐའ་མར་བྱིན་པར་སོང་།། ཐབས་ལ་མཁས་པའི་སྤྱོད་པ་དག་ལ་ལེགས་པར་བསླབས།། འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས
198a3 ལེགས་པར་མཐོང་། ། སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་སུམ་གྱུར་པར་བྱས།། འདིས་ནི་སེམས་ཅན་ཇི་ལྟ་ཇི་ལྟར་ཐར་འགྱུར་བའི།། རྣམ་པར་སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་སྐབས།། འཇིགས
198a4 པམེད་ཅིང་བློ་དང་རྟོགས་དང་དྲན་དང་ལྡན། ། སྤོབས་པ་དང་ནི་གཟུངས་རྣམས་དང་ཡང་ལྡན་པ་སྟེ།། བདུད་ཀྱི་ལུགས་ཀྱི་ཉོན་མོངས་རྫས་ལས་ངེས་བྱུང་ཞིང་།། སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས།
198a5 འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མགོས་ལ།། ཆགས་པ་ལས་སྩོགས་རྣམས་ཀྱིས་བྲག་ལྟར་ཡོད་མི་གཡོས།། སུའི་དྲུང་དུ་མི་འགྲོ་རིང་བར་བྱེད་པའང་མིན།། ནམ་མཁའ་ལྟ་བུར་བཅིངས་དང
198a6 གྲོལ་བ་མེད་པ་ཡིན། ། སྙིང་རྗེར་གནས་ཤིང་སེམས་ཀྱང་ཡོངས་སུ་སྐྱོབ་མེད།། ཤིན་ཏུ་བསྡམས་ཤིང་ནེམ་ནུང་ཅན་ལ་བྱམས་སེམས་ལྡན།། སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པ་དང་།
198a7 སྐྱོན་ལ་མི་ལྟ་འཁྲུག་པ་དག་དང་ལྡན་མ་ཡིན།། ཇི་ལྟར་བསྟན་པ་བཞིན་དུ་བསྒྲུབ་པ་རྣམས་ལ་གནས།། འདི་ནི་རྡོ་སྐད་སྨྲས་པ་བཞིན་དུ་སྤྱོད་པར་བྱེད།། ཆོས་ཉིད་ལན་ཆོས་ཀྱི་ཚུལ་གྱིས་ལེགས་པར་བཀྲན།
198a8 སྟོང་བ་ཉིད་ལམས་ཤིང་གཉིས་ལས་རྣམ་པར་གྲོལ།། བཟོད་པ་གསུམ་ཐོབ་སྐྱེས་པའི་སྤྱོད་ཡུལ་མ་ཡིན་ཏེ།། སངས་རྒྱས་ཚུལ་དང་ཡོན་ཏན་དག་ལ་རབ་ཏུ་གནས།། འདི་ནི་འཇིག་རྟེན་གང་དུརྩུབ་བྱེད་པ་ན།།




iiif viewer powered by OpenSeadragon

197b - 198b

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo