e-texts navigator
Collection
Volume
Page
Wylie

197a1 དང་། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ།། དེ་ནས་རིགས་ཀྱི་བུ་དེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བྱང
197a2 ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་བཀོད་པའི་ཐབས་དང་། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི
197a3 སྐུ་ལས་འོད་ཕྱུང་སྟེ། འོད་དེས་ངེས་པའི་ལུས་ལ་རེག་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལས་འབུམ་གྱུར་པས་ཀྱང་ཆེས་ལྷག་པར་གྱུར་ཏོ།། དེ་ནས་ལྷའི་བུ་དེ
197a4 དག་ལ་མཚན་དུ་འཛིན་པར་གྱུར་ཏེ། དེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ།། ངེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི
197a5 མཐུལ་གནས་པའི་ཚེ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དམན་པར་སྟོན་ཅིང་དམན་པའི་མཐུ་ལ་གནས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི
197a6 བཀོད་པ་ཡིན་ནོ། ། ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་མི་ཤེས་པར་སྟོན་ཀྱང་། ཤེས་པར་སྣང་བ་འདི་ནི་དེའི་བཀོད་པ་ཡིན་ནོ།། ཡེ་ཤེས་མ་ཐོབ་པ་རྣམས་ལ་ཡང་ལུས་ཀྱི་སྤྱོད་པ་དང་། སྤྱོད་ལམ
197a7 གྱིས་དང་བ་སྐྱེས་པར་བྱེད་ཅིང་། ཡེ་ཤེས་ཐོབ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས། རྫུ་འཕྲུལ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། རྟག་ཏུ་སེམས་ལ་དབང་བྱེད་པས། ངན
197a8 ཅིང་དབུལ་བར་སྟོན་ཀྱང་ཚངས་པས་ཀྱང་མཆོད་པ་དང་། མཆོག་གི་བཀོད་པ་ལ་གནས་ཀྱང་སྐྱེ་བོ་ཕལ་ཀྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ།། སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་ཉེ་བ




iiif viewer powered by OpenSeadragon

196b - 197b

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo