e-texts navigator
Collection
Volume
Page
Wylie

196b1 བའི་ཡོན་ཏན་མཆོག་མངའ་བ། ། གསུང་མཆོག་མིའི་དམ་པའི་གསུང་ནི་རྣམ་པར་དག། མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ།། འཕགས་པ་འཛམ་བུའི་ཆུ་བོའི་གསེར་མདོག
196b2 ཕྱག་མཐིལ་སྡུག། ཐུབ་པའི་སྐུ་བསྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྟབས།། སྨིན་ཚུགས་ལེགས་ཤིང་ཤ་དང་ལེན་ས་ཚེམས་སྟོ་ས་ཐདས་བཟང་འཛེག་དཔལ་གྱི་སྙིང་པོ་ཤག་ཀྱ་ཐུབ་མཆོག་ཁྱོད་ལ་འདུང་།།
196b3 རྒྱལ་བའི་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ།། བདེ་གཤེགས་ཤིན་ཏུ་དག་པ་བསྐྱེད་མཛད་བསྟོད་པ་ཡི།། བསོད་ནམས་ཡོན་ཏན་མཐའ་ཡས་བསྒྲུབས་པ་གང་ལགས་པ།། དེ་ཡིས་འདིར་ནི་འཇིག
196b4 རྟེན་སངས་རྒྱས་མཉམ་གྱུར་ཅིག། དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ཡོངས་སུ་བསྐོད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ
196b5 མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ལ་ཁྲིའུ་བསྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏོ།། འདི་ལ་འདུག་ཤིག་ཅེས་བྱས་ནས།
196b6 རིགས་ཀྱི་བུ་དེས་པ་ཁྲིའི་སྟན་བཟང་པོ་དེ་ལ་འདུག་གོ།། རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རང་རང་གི་སྟན་ལ་འཁོད་དོ།། དེ་ནས
196b7 རིགས་ཀྱི་བུ་གང་དག་གིས་ངེས་པ་མངོན་མཐོང་བ་དེ་དག་འདི་སྐད་དུ་དབུལ་པོ་གོས་ངན་པ་གྱོན་པ་འདི་ལ་འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་ཟེར་ཏོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་དེ་དག་ལ་འདི
196b8 སྐད་ཅེས་སྨྲས་སོ། ། གྲོགས་པོ་དག་འདི་ལ་བརྙེས་པར་མ་བྱེད་ཅིག། རིགས་ཀྱི་བུ་འདི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་པ་དང་། ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ།། གྲོགས་པོ་དག་ཁྱེད་རེ་ཤིག་སྡོད་ཅིག།




iiif viewer powered by OpenSeadragon

196a - 197a

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo