| | e-texts navigator
|
194b1 མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ
194b2 ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་། ཐིང་སྐད་མི་བགྱིད་པ་ན་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་བརྗེད་ངེས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་སྩོགས་པ་ནི་བྱང་ཆུབ
194b3 སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་བའི་སླད་དུ། སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ
194b4 འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངས་སུ་འཛིན་པ
194b5 ན་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ།། རྒྱལ་པོ་ཆེན་པོ་སེམས་ཅན
194b6 མ་དང་བ་དང་བར་འགྱུར་བའི་འཚོ་བ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལག་སོ།།
194b7 དེ་ནས་རྒྱལ་པོ་གསལ་རྒྱལ་དགའ་ཞིང་མགུ་ལ་ཡིད་རངས་ཏེ།། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས།། རྒྱལ་པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགཔ་པའི་ཕྱིར་ངེས་པ་ལ་བྱིན་ནོ།།
194b8 ངེས་པས་སྨྲས་པ།། རྒྱལ་པོ་ཆེན་པོ་བདག་ལ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ཏོ།། གང་གིས་བདག་ལ་འཚལ་བར་འགྱུར་བའི་གོས་རས་དྲལ་བའི་དུམ་བུའི་བརྒྱ་བཙོགས་པ་བདག་ལ་མཆིས་པས། བདག
iiif viewer powered by OpenSeadragon
194a - 195a