e-texts navigator
Collection
Volume
Page
Wylie

189a1 ལགས་དེ་དག་ཤིན་ཏུ་མཐོང་བར་དོགས་མ་མཆིས། ། ཇི་ལྟར་དེའི་སེམས་ནི་ཡུལ་ལས་ལོག་གྱུར་པ།། དེ་ལྟ་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན
189a2 གྲོང་ཁྱེར་གྱི་དབུལ་པོ་ངེས་པའི་ཐད་དུ་སོང་ནས། ། ཚིགས་སུ་གཅད་དེ་སྨྲས་པ།། ཅི་ཞིག་དོན་གཉེར་ངེས་པ་ཆོས་སྤྱོད་པ།། བརྟུལ་ཞུགས་དེ་ནི་སྤྱོད་པ་རྣམ་དག་སྨོས།། འདི་ཡིས་ཉི་ཟླ་འམ་ཡང་ན་དབང
189a3 པོ་འམ། ཚངས་པ་འམ་ལྷ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད།། ངེས་པས་སྨྲས་པ། ཉི་མ་ཟླ་བ་དེ་བཞིན་བརྒྱ་བྱིན་དང་།། ཚངས་པ་འམ་རྒྱལ་པོ་འམ་འདི་ན་གཞན་དག་ཀྱང་། འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན།
189a4 གར་བྱེད་ལྷ་བཞིན་མི་རྟག་མི་བརྟན་ན།། མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད།། གང་ལ་སྐྱེ་མེད་རྒ་མེད་འཆི་བ་མེད།། སྡུག་དང་མི་སྡུག་རྣམས་དང་ཕྲད་པ་འང་མེད།། འགྲོ་བ་ཀྲོལ་མཛད་སངས་རྒྱས
189a5 འགྱུར་བྱ་ཞེས། ། དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་དེས།། བརྒྱ་བྱིན་གྱིས་སྨྲས་པ།། པན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡིད་རང་སྟེ། ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག། བདུད་རྣམས།
189a6 སྔར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི།། ཤག་ཀྱ་སེང་གེའི་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅིག། དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས། དུས་གཞན་ཞིག་ན། ནོར་བུ་རིན་པོ་ཆེ་རིན་ཐར་པ་མེད་པ་ཞིག
189a7 ནས། དེ་འདི་སྙམ་དུ་སེམས་དེ། ནོར་བུ་རིན་པོ་ཆེ་འཇམ་བགླིང་ན། མཆོག་ཏུ་གྱུར་པ་འདི་དག་གིས། མཉན་ཡོད་འདིན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་སྦྱིན་གོར་མ་ཆག་གོ་སྙམ་ནས།
189a8 དེགྲོང་བར་དུ་སོང་སྟེ་ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲག་སྒྲགས་པ་དང་།། དབུལ་པོ་མགོན་མེད་པ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་བ་ཡིན་གྱིས་བདག




iiif viewer powered by OpenSeadragon

188b - 189b

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo