e-texts navigator
Collection
Volume
Page
Wylie

188b1 ཤིན་ཏུ་བག་མེད་པའོ། ། འདོད་པ་ལ་སྙན་པ་ནི་ཉོན་མོངས་པ་ཤིན་ཏུ་འཕེལ་བར་བྱེད་པའོ།། འདོད་པ་ལ་སྟེན་པ་ནི་ཤིན་ཏུ་བར་དུ་གཅོད་པར་བྱེད་དོ།། དེ་ནས་དེའི་ཚ་གྲོང་ཁྱེར་གྱི་དབུལ་པོ་ངེས་པས་ཚིགས་སུ་བཅད་པ
188b2 འདི་དག་སྨྲས་སོ། ། འདོད་པ་མི་རྟག་རྟག་ཏུ་སྨད་པ་སྟེ།། ཤིན་ཏུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད།། རྟག་ཏུ་ངན་སོངས་རྣམས་ཁྱིམ་དུ་གྱུར།། སེམས་རྨོངས་གྱུར་པ་དག་གིས་རྟག་ཏུ་བསྟེན།། འཐབ་རྩོད
188b3 ཅན་དེ་མི་བདེན་མཚང་དུ་གྱུར། ། རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས།། འདི་དག་ཕྱིན་ཅི་ལོག་སྐྱེད་བཞི་ཡིན་ཏེ།། འདོད་སྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད།། ནམ་རྨོངས་རབ་རྨོངས་དེ་བཞིན་ཀུན་ཏུ
188b4 རྨོངས། ། འདོད་རྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ།། འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས།། སྡིག་པར་སྦྱོང་ཞིང་དགེ་བ་ཆུད་གཟོན་པ།། འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ།། འདོད་སྟེན་དཔེར་ན་སྤྲིན་གྱི
188b5 དྲ་བ་འང་། ། འདོད་རྟེན་ཤབ་མོ་དང་སྲིན་མོ་དང་།། བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན།། འདི་ནི་བ་ལང་བོང་བུ་རྟ་དག་དང་།། ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་།། གླང་ཆེན་ལུག་རྣམས་ཀྱིས་ཀྱང་སྟེན་པ་སྟེ།
188b6 འདོད་པ་བྱེས་བུ་ངམ་པ་རྣམས་ཀྱིས་སྤངས།། འདོད་སྦྱིན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་།། དཀའ་ཐུབ་བརྟུལ་ཞུགས་རྣམས་ནི་འཛམས་པ་སྟེ།། འདི་ལ་རྟག་ཏུ་བག་མེད་ཉེས་པ་འཕེལ།། དཔྱི
188b7 ཐང་འདོད་རྟག་ཏུ་བུད་མེད་སྤོང་། ། གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི།། མདངས་ལྡན་གཟུགས་ཅན་དག་གིས་གང་གྱུར་ཀྱང་།། ཡོན་ཏན་གནས་པ་ཁ་བོའི་སེམས་གཅིག་ཀྱང་།། འདོད་ཆགས་ལ་ན་ནམས
188b8 ཀྱང་སྟོན་མི་འགྱུར། ། དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སྩོགས་དང་།། ལྷའི་བུ་མོ་ཉི་འོད་སོང་ནས།། ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་གཅད་དེ་སྨྲས་པ།། དེས་ནི་འདི་ནི་བུད་མེད་རྣམས་ཀྱི་སྐྱོན་ཡང་དག། གང




iiif viewer powered by OpenSeadragon

188a - 189a

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo